6811

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏན་ཚིགས་ལྟར་སྣང་ (1)
Part of speech མིང་ཚིག
Definition རྟགས་ལྟར་སྣང་དང། དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་བཅས་མིང་གི་རྣམ་གྲངས། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་དང་ཚུལ་གསུམ་མ་ཡིན་པའི་གཞི་མཐུན། དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་གི་མཚན་ཉིད།
Example སྒྲ་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་བྱས་པ་ལྟ་བུ་ཡིན་ཏེ། སྒྲ་རྟག་སྒྲུབ་ལ་བྱས་པ་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར་ཏེ། སྒྲ་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་གང་ཞིག སྒྲ་རྟག་སྒྲུབ་ལ་བྱས་པ་གཏན་ཚིགས་ཡང་དག་མ་ཡིན་པའི་ཕྱིར། ཅེས་གསུངས། དབྱེ་ན། འགལ་བའི་གཏན་ཚིགས། མ་ངེས་པའི་གཏན་ཚིགས། མ་གྲུབ་པའི་གཏན་ཚིགས་གསུམ་མོ། །
Domain ཚད་མ།
གཏན་ཚིགས་ལྟར་སྣང་ (2)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཡིན་པ་གང་ཞིག། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ། དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་གི་མཚན་ཉིད་ཡིན། དེ་ལ་དབྱེ་ན། འགལ། མ་ངེས། མ་གྲུབ་པའི་གཏན་ཚིགས་གསུམ་དུ་ཡོད།
གཏན་ཚིགས་ལྟར་སྣང་ (3)
Part of speech མིང་ཚིག
Definition ཚུལ་གསུམ་སྟེ་ཕྱོགས་ཆོས་དང་། རྗེས་ཁྱབ། ལྡོག་ཁྱབ་གསུམ་མ་ཚང་ཞིང་། འགལ་བ་དང་། མ་ངེས་པ་དང། མ་གྲུབ་པ་གསུམ་གང་རུང་གི་སྐྱོན་དང་ལྡན་པའི་རྟགས་སམ་རྒྱུ་མཚན་ལ་ཟེར་ཏེ། བྱས་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པ་ལྟ་བུ་ནི་གཏན་ཚིགས་ལྟར་སྣང་ཡིན།