68110
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་དཀྱིལ་དུ་བག་འ་བླ་མ་མདོ་སྔགས་ཀྱིས་བཏབ། སྟོོང་ཟ་སྡེ་བས་དར་རྒྱས་སུ་བཏང་། རིམ་བཞིན་མཆོད་རྟེན་དང་འཁོར་ཁང་སོགས་བཞེངས། དེ་ནས་འདུས་སྡེ་ཇེ་མང་དུ་སོང་ནས་དུས་མཆོད་འཚོགས་པའི་སྲོལ་བཙུགས་ཏེ། རབ་བྱུང་བཅུ་བཞི་པའི་མཇུག་ཏུ་བག་འ་བླ་མ་མདོ་སྔགས་དང་རྒྱམ་ཤེས་བླ་མ་ཆོས་འཕེལ་སོགས་ཀྱིས་འདུ་ཁང་ནང་རྟེན་དངབཅས་གསར་བཞེངས་གནང་། སྐབས་དེར་ཨ་བོས་རྣམ་རྒྱལ་གྱིས་འབུམ་ཞིག་རྡོ་ལ་བརྐོས་ནས་ལུང་པ་དེའི་མདོ་རུ་བཞག་པས་འབུམ་ལུང་དགོན་ཞེས་གྲགས་པ་ཡིན། དགོན་པའི་གདན་རབས་དང་པོ་བླ་མ་ཆོས་འཕེལ་དང་བླ་མ་ཚེ་རིང་གཉིས་ཀྱིས་གདན་སར་བསྐྱངས་ཏེ་དགོན་པར་དུས་མཆོད་འགའ་གསར་འཛུགས་གནང་། དེའི་རྗེས་སུ་སྟོང་ཟ་འགྱུར་མེད་བདེ་ཆེན་དང་བག་འ་བླ་མའི་ཡང་སྲིད་ཐུབ་བསྟན་མཁྱེན་རབ་འོད་ཟེར་སོགས་ཀྱིས་གདན་སར་རེས་མོས་ཀྱིས་བསྐྱངས། དེའི་སྐབས་སུ་གཞི་ཆེན་མ་འདས་སྤྲུལ་སྐུ་བློ་བཟང་དྲི་མེད་བསྟན་འཛིན་སྐུ་འཁོར་རྣམས་བྱོན་ནས་པདྨ་འོད་འབར་གྱི་ཚེས་བཅུ་དང་ཐུགས་རྗེ་ཆེན་པོའི་ལོ་སྒྲུབ་སོགས་གསར་དུ་བཙུགས། དགོན་མགོ་རགས་བཀྲམ་བྱམས་པ་གླིང་ལ་ཕུལ། བླ་མ་པད་རྡོར། བླ་མ་སུམ་བསྲུང་། ཞིང་ལྷའི་བླ་མ་བརྩོན་འགྲུས། བླ་མ་འཇིགས་བསོ། འབར་རེས་བླ་མ་པདྨ། སྟོང་ཟའི་བླ་མ་མཐུ་སྟོབས། བླ་མ་ཆོས་འཁོར། སྟོང་ཟའི་བླ་མ་ཁྲོ་ཚང་། སྤྲུལ་སྐུ་དཔལ་ལྡན། བླ་མ་དྲི་དབང་། བླ་མ་སྟོབས་ལྡན་སོགས་མང་པོ་བྱོན་སྟེ་གདན་རབས་གོང་མའི་ཕྱག་སྲོལ་རྣམས་ཇེ་རྒྱས་སུ་བཏང་། འོན་ཀྱང་དེ་རྣམས་དུས་འགྱུར་གྱི་སྒབས་ཐམས་ཅད་མིང་ཙམ་དུ་བྱས། རབ་བྱུང་བཅུ་དྲུག་པའི་ཆུ་ཕག་ལོར་ ༡༩༨༣ སྤྲུལ་སྐུ་ཐུབ་བསྟན་རབ་རྒྱས་མཆོག་གིས་དུང་འཁོར་དང་མཆོད་རྟེན། གྲྭ་ཤག སྒྲུབ་གྲྭ་ཁག ཚོགས་ཆེན་འདུ་ཁང་སོགས་བསྐྱར་བཞེངས་བྱས། |