68111
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡུམ་འབུམ་པ་ལ་ཤོ་ལོ་ཀ་འབུམ་ཡོད་པས་འབུམ་ཞེས་བྱའོ། །དཀོན་མཆོག་བརྩེགས་པ་ལ་སངས་རྒྱས་ཀྱི་མཚན་འབུམ་ཡོད་པས་འབུམ་ཟེར། ཕལ་པོ་ཆེ་ལ་སྨོན་ལམ་འབུམ་ཡོད་པས་འབུམ་ཟེར། མྱ་ངན་ལས་འདས་པའི་འབུམ་ནི། སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ཁར་ཞལ་ཆེམས་འབུམ་བཞག་ཡོད་པས་འབུམ་ཟེར། འཕགས་པ་ལང་ཀར་གཤེགས་པའི་འབུམ་ནི། སྲིན་པོའི་ཡུལ་ལང་ཀ་པུ་རིར་མདོ་སྡེ་ལང་ཀར་གཤེགས་པ་བཞེངས་སུ་གསོལ་ནས། སྲིན་པོ་འབུམ་བཏུལ་བ་དང་རྣམ་གྲངས་འབུམ་ཡོད་པའི་ཕྱིར་ན་འབུམ་ཞེས་བྱ་བའོ། ། |
| Domain | ཆོས་ལུགས། |