68164
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་དགུ་པའི་སྟོད་དུ་འཁྲུངས། རྒྱལ་པོ་ཁྲི་དར་མ་སྐུ་གཤེགས་ནས་གདུང་སྲས་མངའ་བདག་འོད་བསྲུངས་དང་། མངའ་བདག་ཡུམ་བརྟན་གཉིས་མ་འཆམས་པར་རྒྱལ་སྲིད་དབུ་རུ་དང་གཡོ་རུ་གཉིས་སུ་གྱེས། ལྷག་པར་དུ་གཡོ་རུའི་ཞེང་རྗེ་གསས་སྙེ་བཙན་གྱིས་རང་གི་དབོན་པོ་གཡུ་སྣེ་བསད་པར་བརྟེན་ཏེ་གཡུ་སྣེའི་བཟའ་ཟླ་འབེ་བཟའ་ཝ་མོ་སྐྱིད་འགོ་ཁྲིད་བྱས་ནས་མཚིམས་ཀོང་ཡུལ་གྱི་དྲུག་ཙམ་གྲོས་ཁོངས་སུ་བསྡུས་ནས་འབངས་གྱེན་ལོག་བྱས་པ་དང་བརྒྱུད་དེ། ཡུལ་གྲུ་རེ་རེར་ཡང་ཆེ་སྲིད་དང་ཆུང་སྲིད། མང་ཚན་དང་ཆུང་ཚན། གསེར་པ་དང་གཡུ་པ། ཤ་ཟན་དང་རྩམ་ཟན་ཞེས་སྡེ་ཚན་གཉིས་གཉིས་སུ་འཆད་དེ་རྩོད། ཅེས་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་གསུངས་པ་ལྟར་བོད་ཁམས་སིལ་བུར་འཐོར་བ་རེད། འབངས་གྱེན་ལོག་སྐབས་ཀྱི་སྙན་གྲགས་ཆེ་བའི་འགོ་ཁྲིད་པ་ཞིིག་ཡིན། |