68165

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབེ་ཚ་དགོན་ (1)
Part of speech མིང་ཚིག
Definition ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་གླིང་ནི། དོམ་ཚ་ཧུ་ཙི་ཞེས་པ་གོང་མ་ཅིང་ཏིས་རྒྱལ་པོའི་བཀའ་བློན་གསེར་ཡིག་པ་ཆེན་པོའི་མཚན་གྱི་ཅོད་པཎ་སྤྱི་བོའི་གཙུག་རྒྱན་དུ་ཉེ་བར་ཐོབ་པའི་དམ་པ་གང་གིས། རབ་བྱུང་བརྒྱད་པའི་ལྕགས་རྟ་ ༡༤༥༠ ལོར་ལྷ་ཁང་དང་དགོན་སྡེ་ཐོག་མར་བཏབ། དགོན་མིང་ལ་གནས་མཆོག་ལྕགས་རི་འོད་འབར་དགོན་ཞེས་བཏགས། གྲུབ་མཐའ་སྔ་འགྱུར་ཀཿཐོག་པ་ཡིན། རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་ ༡༧༤༩ ལོར་རྒྱལ་རོང་དང་ཆིན་དམག་གིས་གཡུལ་འཐབ་དྲག་པོ་བྱས་མཐར་རྒྱལ་རོང་ཕམ་པར་མ་ཟད་དངུལ་ཆུ་སྟོད་རྒྱུད་ཀྱི་དགོན་སྡེ་མང་པོར་གནོད་རྐྱེན་ཐེབས་སྐབས་དགོན་སྡེ་འདི་ཉིད་བཤིག་པར་མངོན། དེ་རྗེས་པདྨ་ཚངས་པ་དྲི་མེད་ཞིང་སྐྱོང་མགོན་པོས་ཁྲོ་ཆུ་བདེ་ཆེན་གླིང་སོགས་རྒྱལ་རོང་དང་། ཉག་རོང་། འབའ་ས་ངན་མགོ་ལོག་སོགས་ཀྱི་དགོན་སྡེ་དུ་མ་ཉམས་གསོ་བྱས། ཆོས་རྗེ་ཁོང་ལ་ལྷ་དང་བླ་མའི་ལུང་བསྟན་པས་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་ ༡༧༦༠ ལོར་བསྐྱར་བཞེངས་བྱས། དགོན་མིང་ལྕགས་རི་དཔལ་འབྱོར་དགོན་ཞེས་བཏགས། གདན་ས་པ་དངོས་ནི་ཀཿཐོག་ཁྲི་འཛིན་གདན་རབས་རྣམས་སོ། །རབ་བྱུང་བཅུ་དྲུག་པའི་མེ་བྱི་ ༡༩༣༦ ལོར་གསུང་རབ་རྡོ་མཁར་ཆེན་མོའི་དབུ་བཟུང་ནས། མདོ་སྡེ་བསྐལ་པ་བཟང་པོ་བརྒྱ་ཕྲག་དུ་མ་དང་། ཡིག་བརྒྱ་དང་མ་ཎི་གཟུངས་སྔགས་སོགས་གནས་མཆོག་ལྕགས་རི་འོད་འབར་ལ་རྡོ་དཀྲིས་རིམ་བཞིའི་བསྐོར་བ་དང་། མཆོད་རྟེན་བཅོ་ལྔ་སོགས་རྟེན་སྣ་མང་དུ་མཆིས། དེར་མ་ཟད་ཀཿཐོག་མཁན་ཆེན་འཇམ་དཔལ་རྒྱ་མཚོ་དང་། བློ་གྲོས་བཟང་པོ། ཨ་དོན་གསུམ་རིམ་བཞིན་བྱོན་ནས་བཤད་གྲྭའི་མཁན་པོ་མཛད། འདུལ་བ་གཞི་གསུམ་གྱི་ལག་ལེན། མདོ་སྔགས་རིག་གཞུང་སྤྱི་དང་བྱེ་བྲག་གསང་ཆེན་རྡོ་རྗེ་ཐག་པའི་མདོ་རྒྱུད་ཟབ་མོའི་དགོངས་དོན་འཆད་ཉན་སྒོམ་སྒྲུབ་གནང་། གཞན་ཡང་ལྷ་ལུང་དཔལ་གྱི་རྡོ་རྗེ། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན། གཏེར་ཆེན་བདུད་འཇོམས་གླིང་པ་ཡབ་སྲས། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། རྫོང་གཏེར་ཀུན་བཟང་ཉི་མ་སོགས་ཀྱི་གཏེར་གནས་དང་བསྙེན་སྒྲུབ་ལས་བཞི་མཐར་ཕྱིན་པའི་གནས་ཡིན་པར་ཤིན་ཏུ་གསལ་ལོ།

{{#arraymap:འབེ་ཚ་དགོན་

|; |@@@ | | }}