68197
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མི་ཉག་རབ་སྒང་གི་སའི་ཆར་དར་མདོ་རྫོང་གི་ཆར་གཏོགས་ཕོང་པོ་གཤིས་འབོ་ཁུད་དུ། དུས་རབས་བཅུ་བཞི་ཙམ་ན་བཀའ་གདམས་པའི་མཁས་གྲུབ་ཆེན་པོ་འཇམ་དབྱངས་པདྨ་རིན་ཆེན་གྱིས་ཕྱག་བཏབ་པར་བཤད། དགོན་འདི་ཐོག་མར་འབོ་ཁུད་ལུང་པའི་སྒང་། འབོ་འགག་ཅེས་པར་གནའ་སྔ་མོར་བཀའ་གདམས་པའི་དགོན་ཆེན་ཞིག་ཡོད་ཅིང་ཕྱིས་སུ་སོག་པོའི་དམངས་ཀྱིས་མི་ཉག་གི་ཕྱོགས་སུ་དགོན་པ་རྣམས་གཏོར་བ་དང་དགེ་འདུན་པ་མང་པོ་དམར་གསོད་གཏོང་བའི་སྐབས་དེར་དགོན་དེ་ཡང་རིམ་བཞིན་གྱེར་སོང་བས་གཅིག་ནི་ད་སྐབས་འགག་པ་ཤང་གི་ཁུངས་གཏོགས་སུ་ཡོད་པའི་དགེ་ལྡན་པའི་དགོན་པ་གནས་འགོ་དགོན་དང་དགོན་འདི་ཉིད་དེ་གཉིས་སུ་གྱེར་བས་གཅིག་ནིི་དགེ་ལྡན་པའི་དགོན་པ་དང་འདི་ནི་རི་ཁུད་དགོན་པའི་དགོན་ལག་ཏུ་གྱུར། དགོན་འདིའི་བསྟན་གཙོ་ནི་རིན་ཆེན་འབྱུང་ལྡན་གྲུ་གང་ལས་ཅུང་མཐོ་བའི་རིན་བྲལ་ཅན་ཞིག་བཞུགས། དེ་ནི་བཀའ་གདམས་པའི་དགོན་དེ་ལ་རིན་ཆེན་འབྱུང་ལྡན་གྱི་སྐུ་གཉིས་ཡོད་པས་གཅིག་ནི་གནས་འགོ་དགོན་དང་གཅིག་་ནི་དགོན་འདིར་རྟེན་སྐལ་དུ་ཐོབ་པར་བཤད། དེ་མིན་མགོན་པོའི་གསེར་སྐུ་དང་། ཕྱག་བཏབ་པ་པོ་འཇམ་དབྱངས་པདྨ་རིན་ཆེན་གྱི་སྐུ་སོགས་རྩ་ཆེ་བའི་སྐུ་གསུང་ཐུགས་རྟེན་དུ་མ་མཇལ་རྒྱུ་ཡོད། རིག་གནས་གསར་བརྗེད་ཀྱི་སྐབས་དགོན་འདིའང་གྱང་རོ་རུ་གྱུར། ཆོས་སྒོ་ཕྱེ་སྐབས་སྔོན་ཕྱུག་མོ་དགོན་པའི་ཁྲི་པ་མཁན་པོ་ཉི་མ་དོན་གྲུབ་མཆོག་ནས་སླར་ཡང་བསྐྱར་གསོ་མཛད་ཅིང་མཐར་དགུང་གྲངས་དགུ་ཅུ་ཆུ་འབྲུག་སྤྱི་ལོ་༢༠༡༢ལོ་ཞིང་མ་བརྗེད་ཀྱི་བར་སློབ་མ་བསྐྱངས་ཏེ་དགོན་འདིར་བཞུགས། དགོན་འདིར་བོད་ཟླ་བཅུ་པའི་ཚེས་གཅིག་ནས་བརྒྱད་བར་འབོ་ཁུད་ལྷ་གསོ་ཞེས་དགོན་འདིའི་ཁུངས་སུ་གཏོགས་པའི་གྲྭ་རྒན་གཞོན་ཚང་མ་འཛོམས་ཏེ་ཀུན་རིག་དང་སྨན་བླའི་ཆོ་ག་ཉིན་བདུན་གྱི་བར་ཚོགས་དགོས་ཀྱི་ཡོད། དགོན་འདིའི་བསྟན་སྲུང་གཙོ་བོ་དཔལ་ལྡན་ལྷ་མོ་ཡིན་སྟབས་ཉིན་བརྒྱད་པར་ལྷ་མོ་གར་འཆམ་ཉིན་གཅིག་ཡོད། |