6821
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་བཅུ་གསུམ་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཀྱི་ཁྱད་ཆོས་འདྲ་བའི་སྟེང་ནས་སོ་སོར་དབྱེ་བ་མི་འབྱེད་པར། རྗེས་སུ་ལེགས་པར་བརྟགས་པ་ན། དཔེ་ལ་ཡོད་པའི་སྐྱོན་དེ་དཔེ་ཅན་ལ་མེད་པ་དང་། དཔེ་ཅན་ལ་ཡོད་པའི་ཡོན་ཏན་དེ་དཔེ་ལ་མེད་པའི་ཁྱད་པར་དེའི་སྒོ་ནས་དཔེ་ཅན་དེ་ཉིད་ཡིན་པར་གཏན་ལ་འབེབས་པར་བྱེད་པ་ཞིག་ལ་ཟེར། |
| Example | བོད་མཁས་པས། སྲིད་གསུམ་མཛེས་པའི་དཔལ་ཀུན་ཟིལ་གནོད(གནོན)་པའི། །ཁྱོད་མཐོང་ཙམ་གྱིས་མཆོག་གི་འབྲས་བུ་ཡང་། ། བདེ་བླག་སྦྱིན་ཕྱིར་ཡོངས་འདུའི་ཤིང་མིན་ཏེ། །དེས་ནི་འཁོར་བའི་ཕུན་ཚོགས་སྟེར་ནུས་སམ(ཙམ)། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |