68234
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགའ་སྡུག་ཆགས་སྡང་དང་ཡ་མཚན་པ་དང་ཧང་སང་བ་སོགས་ཀྱི་སེམས་ཚོར་ཁྱད་པར་བ་མཚོན་བྱེད་དམ་གཞན་ལ་བརྡ་གཏོང་བྱེད་ཀྱི་སྒྲ་ཚིག་གི་རིགས། |
| Example | ཧ་ཧ། ཧོ་ཧོ། ཀྱེ་ཧུད། ཀྱེ་མ། ཨ་ན་ན། ཨ་ཚ་ཚ། ཨ་ཆུ་ཆུ་སོགས་དགའ་སྐྱོ་ཆགས་སྡང་གི་ཚོར་བ་སྟོན་པའི་འབོད་ཚིག་དང། ཨ་ལ་ལ། ཨེ་མ་ཧོ། ཨེ་མ་སོགས་ཡ་མཚན་པའམ་ཧང་སང་བའི་སེམས་ཚོར་ཁྱད་པར་བ་སྟོན་བྱེད་ཀྱི་འབོད་ཚིག་དང། ཀྱེ་རྒྱལ་པོ། ཀ་ཡེ། ཝ་ཡེ་སོགས་གཞན་ལ་བརྡ་གཏོང་བྱེད་ཀྱི་འབོད་ཚིག་གི་རིགས་རྣམས་སོ། ། |
| Domain | སྒྲ་རིག་པ། |