From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འབོལ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
འབོལ་པོ་ཡི་བསྡུས་ཚིག་སྟེ། འཇམ་པའམ་སྙི་ཞིང་ནེམ་པའི་དོན།
|
| Example
|
གདན་འབོལ་སྟེང་ནས་ཉལ་ལྟ་བུ།
|
འབོལ་ (2)
| Part of speech
|
རྒྱན་ཚིག
|
| Definition
|
གྲངས་མང་པོའམ་མོད་པའི་དོན་ཏེ།
|
| Example
|
རྒྱུ་ནོར་ལོངས་སྤྱོད་འབོལ་པོ་མེད་ལྟ་བུ།
|
འབོལ་ (1)
| Part of speech
|
མིང་ཚིག
|
| Definition
|
བདེ་བའི་དོན་ཏེ། བཀའ་གདམས་གཅེས་བཏུས་ཀྱི་དཀའ་མིང་ལས། འབོལ་ནི་བདེ་བར་གསུངས་ཤིང་། པོ་ཏོ་བའི་སྲིངས་ཡིག་ལས། ཆོས་ཀུན་ཉོན་མོངས་གཉེན་པོ་སོང་གྱུར་ན། །སེམས་རྒྱུད་འབོལ་གྱིས་མི་འགྲོ་ག་ལ་སྲིད། །ཅེས་པ་ལྟ་བུ།
|
འབོལ་ (2)
| Part of speech
|
མིང་ཚིག
|
| Definition
|
ནང་ཚང་ཅན་གྱི་གདན་མཐུག་པོ།
|