68263

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབོས་པ་དགོན་ (1)
Part of speech མིང་ཚིག
Definition ཀཿཐོག་འབོས་པ་དགོན་ནི་དབང་ཆེན་འབོས་པ་ཚོ་བའི་མིང་ལས་བྱུང་བས་དགོན་མིང་ལ་འབོས་པ་དགོན་ཞེས་ཐོགས། ཀཿཆེན་གྱི་ལུང་མདོར་ལྕགས་ཕོ་འབྲུག་སྟེ་ཕྱི་ལོ་༡༧༦༠ལོར་ཀཿཐོག་པ་པདྨ་ཚངས་པ་དྲི་མེད་ཞིང་སྐྱོང་མགོན་པོས་བཏབ། ཕྱི་ལོ་ ༡༨༢༨ ལོར་དབང་ཆེན་འབོས་པ་དགྲ་འདུལ་དང་མཁར་དྲུག་བླ་མ་ཀུན་གྲོལ་སོགས་ཀྱིས་ཀཿཐོག་ཕྱག་ཚ་སྐུ་ཕྲེང་གསུམ་པ་འཇིགས་མེད་ཆོས་ཀྱི་སེངྒེ་དང་སྒེའུ་གཏེར་བདུད་འཇོམས་རྡོ་རྗེ་རྣམ་གཉིས་གདན་དྲངས་ནས་སྔར་དགོན་གྱི་ཆོས་རྒྱུན་མི་ཉམས་པའི་ཆེད་དུ་རྒྱུའི་ཀཿཐོག་དུ་གཏན་ཆགས་སུ་དགོན་འདི་བཏབ། དགོན་འདིའི་གྲུབ་མཐའ་སྔ་འགྱུར་བ་དང་ཆོས་རྒྱུན་རྒྱལ་བ་ཀཿཐོག་པར་ཡིན། དགོན་འདིའི་གདན་རབས་རིམ་བྱོན་ནི། མཁར་དྲུག་བླ་མ་ཀུན་གྲོལ། རྒྱ་ཞེས་སྟོན་པ་སྤྲུལ་སྐུ། འབེ་ཚ་བླ་མ་བདེ་རབ་སོགས་ཡིན། མཁན་རབས་རིམ་བྱོན་ནི། བྱ་བླ་མ་འོད་གསལ་རིག་པའི་རྡོ་རྗེ་དང་མཁན་བཀྲ་པོ་སོགས་སོ། །དགོན་པར་གྲྭ་ཚང་གསུམ་ཡོད་དེ། བཤད་གྲྭ་དང་སྒོམ་གྲྭ་སྒྲུབ་གྲྭ་བཅས་སོ། ། བཤད་གྲྭ་པས་ནང་དོན་རིག་པའི་གཙོའི་རིག་གནས་སྤྱི་ལ་བརྩོན་པ་དང་། སྒོམ་གྲྭ་པས་གཙོ་བོར་ཤེས་རབ་རྫོགས་རིམ་ལ་བརྩོན་པ་དང་། སྒྲུབ་གྲྭ་པས་གཙོ་བོར་བསྐྱེད་པའི་རིམ་པ་ལ་བརྟེན་པའི་བཟླས་བརྗོད་ལ་བརྩོན་པ་བྱེད་པ་བཅས་སོ། །དགོན་པར་ལོ་གཅིག་གི་ནང་དུ་དབྱར་གནས་དང་བཤད་གྲྭ་མ་ཎིའི་ཞག་བརྒྱ། སྨྱུག་གནས་ཆ་བརྒྱད། འཇམ་དཔལ་སྒྲུབ་མཆོད། ཀློང་ཆེན་འདས་མཆོད། ཕུར་བའི་དགུ་སྒྲུབ། མགོན་པོ་ཚོགས་བདག་གི་སྤྱི་སྲུང་ཆེན་མོ་བཅས་ཡོད། བཤད་གྲྭ་བའི་དཔེ་ཆ་གཙོ་བོ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་ཆོས་རྗེ་མི་ཕམ་རིན་པོ་ཆེ་སོགས་ཀྱི་དཔེ་ཆ་ཡིན། ད་ལྟ་རྟེན་གྱི་གཙོ་བོ་ནི། ཟངས་གསེར་ལས་གྲུབ་པའི་ཇོ་བོའི་སྐུ་གཅིག་དང་གུ་རུའི་སྐུ་གཅིག འཇམ་དབྱངས་བྱམས་མགོན། མཁན་སློབ་ཆོས་གསུམ། གསེར་སྐུ་ལི་མ་དུ་མ་དང་གྱང་ཐང་བརྒྱ་ལྷག་བཞུགས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བཅུ་ཕྲག་ལས་བརྒལ་བ་དང་། བསྟན་བཅོས་རིན་པོ་ཆེ་ཆ་གསུམ། ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་གསུང་འབུམ། གཏེར་ཆེན་བདུད་ཀློང་རྣམ་གཉིས་ཀྱི་གཏེར་ཆོས་དུ་མ་དང་། ཟངས་གསེར་ལས་གྲུབ་པའི་མཆོད་རྟེན་བཅུ་ཕྲག་འགའ་དང་ཕྱི་རོལ་དུ་མཆོད་རྟེན་ཆེན་མོ་གཉིས་དང་ཆུང་བ་བརྒྱད་བཅས་བཞུགས། ད་ལྟ་དགོན་སའི་རྒྱ་ཁྱོན་ལ་ས་མུའུ་ ༧༦༣ ཡོད། དེ་མིན་རྒིས་གཏེར་བདུད་འཇོམས་རྡོ་རྗེ། སང་སང་ངེས་དོན་རྒྱ་མཚོ། གཏེར་ཆེན་རྡོ་རྗེ་དགྲ་འདུལ། མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་སོགས་སྐྱེས་ཆེན་དུ་མའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ནས་བཀའ་གཏེར་གྱི་སྨིན་གྲོལ་གྱི་གདམ་པ་མང་དུ་གནང་།

{{#arraymap:འབོས་པ་དགོན་

|; |@@@ | | }}