6827

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏན་ལ་ཕབ་པར་བསྟན་པའི་སྡེ་ (1)
Part of speech མིང་ཚིག
Definition གཏན་ལ་ཕབ་པའི་སྡེ་དང་དོན་གཅིག་ཡིན། སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མཐའ་དག་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུ་བ་ཡིན་ཞིང་། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཐ་མ་བཅུ་གཉིས་པ་ནི་གཏན་ལ་ཕབ་པའི་སྡེ་ཡིན་ཞིང་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་རྒྱས་པར་སྟོན་པ་ཡིན། ཆོས་མངོན་པའི་སྡེ་སྣོད་ལྟ་བུ་ནི་གཏན་ལ་ཕབ་པའི་སྡེ་ལ་གཏོགས་པ་དང་། དེ་ལ་གཏན་ལ་ཕབ་པའི་སྡེ་ཞེས་ཟེར་དོན་ནི་མདོ་སྡེའི་དོན་དེ་ཁོ་ན་ཉིད་མཐོང་བ་གཞན་གྱིས་ཞིབ་མོར་བཤད་ཅིང་གཏན་ལ་ཕབ་པ་རྗེས་སུ་མཐུན་པའི་ཆོས་བཤད་པའི་མ་མོ་ལྟ་བུ་ཆོས་མངོན་པ་ལ་བྱ་བས་ན་དེ་ལྟར་བཏགས་པ་ཡིན།
Domain ཆོས་ལུགས།