68286

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྱིད་ (1)
Part of speech བྱ་ཚིག
Definition རི་མོ་དང་ཡི་གེ་སོགས་བསུབས་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [དབྱི།, ནག་ནོག་རྣམས་དབྱི་བར་བྱ།]
Present [འབྱིད།, རི་མོ་ནོར་བ་རྣམས་འབྱིད་བཞིན་གཏམ་བཤད།]
Past [ཕྱི།, རི་མོ་ཕྱི་པའི་ཤུལ་དུ་ཡི་གེ་བྲིས།]
Imperative [ཕྱིས།, རི་མོ་མི་ལེགས་པ་རྣམས་ཕྱིས་ཤིག་ལྟ་བུ།]
འབྱིད་ (2)
Part of speech བྱ་ཚིག
Definition རྡུལ་སོགས་ཕྱིས་ནས་གཙང་མ་བཟོས་པའི་དོན།
Keyword True
Future [དབྱི།, མདུན་ཅོག་གཙང་མ་འབྱི་དགོས།]
Present [འབྱིད།, གཙང་མ་འབྱིན་གྱིན་འདུག]
Past [ཕྱི།, གཙང་མ་ཕྱི་ཟིན།]
Imperative [ཕྱིས།, གཙང་མར་ཕྱིས་ཤིག་ལྟ་བུ།]
འབྱིད་ (3)
Part of speech བྱ་ཚིག
Definition རང་བཞིན་གྱིས་ཟུབ་པའམ་ཡལ་བའི་དོན།
Transitive བྱ་བྱེད་ཐ་མི་དད་པ།
Future [འབྱིད།, ཁ་བའི་སྟེང་གི་རི་མོ་མྱུར་དུ་འབྱིད་ངེས་ཡིན།]
Present [འབྱིད།, རི་མོ་འབྱིད་བཞིན་པ།]
Past [བྱིད།, གོས་རྙིང་པའི་རི་མོ་བྱིད་ཟིན་ལྟ་བུ།]
འབྱིད་ (4)
Part of speech བྱ་ཚིག
Definition འགྲེད་བརྡབས་ཤོར་བའི་དོན་ཏེ།
Example གཡང་གཟར་ནས་འབྱིད་ཉེན་ཆེ་ལྟ་བུ།
Verb Form གཟུགས་མི་འགྱུར་བ།