68288

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྱིན་ (1)
Part of speech བྱ་ཚིག
Definition ནང་དང་གྲལ་སོགས་ནས་ཕྱིར་བཏོན་པའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [དབྱུང་།, གནས་ནས་དབྱུང་བྱའི་ཕུང་འཁྲོལ་མཁན།]
Present [འབྱིན།, དྲུང་ནས་འབྱིན་བྱེད་ཀྱི་ཐབས་ལམ།]
Past [ཕྱུང་།, ཕུང་འཁྲོལ་མཁན་ཚོགས་པ་ནས་ཕྱུང་ཟིན།]
Imperative [ཕྱུངས།, ཕུང་འཁྲོལ་མཁན་ཚོགས་པ་ནས་ཕྱུངས་ཤིག་ལྟ་བུ།]
འབྱིན་ (2)
Part of speech བྱ་ཚིག
Definition ཞུམ་པ་ལ་གཟེངས་བསྟོད་དང་འཇིགས་པ་ཅན་ལ་སྐྱབས་སྦྱིན་པའི་དོན།
Future [དབྱུང་།, ཉམ་ཆུང་དག་ལ་དབུག་དབྱུང་།]
Present [འབྱིན།, ཉམ་ཐག་ལ་དབུག་འབྱིན་པའི་སེམས་དཔའ་ཆེན་པོ།]
Past [ཕྱུང་།, ཉམ་ཐག་ལ་དབུག་ཕྱུང་ནས་བདེ་ལ་བཀོད།]
Imperative [ཕྱུངས།, འཇིགས་པ་ཅན་ལ་དབུག་ཕྱུངས་ཤིག་ལྟ་བུ།]
འབྱིན་ (3)
Part of speech བྱ་ཚིག
Definition མི་མངོན་པ་ནས་མངོན་སར་བླངས་པའི་དོན།
Future [དབྱུང་།, ས་འོག་ནས་དབྱུང་བྱའི་གཏེར་རྡོ།]
Present [འབྱིན།, གཏེར་འབྱིན་བྱེད་ཀྱི་ལག་ཆ།]
Past [ཕྱུང་།, གཏེར་ཕྱུང་ནས་ཚོང་ལས་བྱས།]
Imperative [ཕྱུངས།, ཐོན་སྐྱེད་གོང་འཕེལ་ཆེད་དུ་གཏེར་ཕྱུངས་ཤིག་ལྟ་བུ།]
འབྱིན་ (4)
Part of speech བྱ་ཚིག
Definition འབྱུང་ཁུངས་ནས་བླངས་པའི་དོན།
Future [དབྱུང་།, ཁོངས་ནས་དབྱུང་བྱའི་ཡི་གེ།]
Present [འབྱིན།, ཁོངས་ནས་འབྱིན་བྱེད་ཀྱི་ཐབས་ལམ།]
Past [ཕྱུང་།, ཡི་གེའི་ཁོངས་ནས་ཕྱུང་བའི་མིང་།]
Imperative [ཕྱུངས།, ཁོངས་ནས་ཕྱུངས་ཤིག་ལྟ་བུ།]