From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འབྱིན་པའི་ལྡེ་མིག་རྩ་བ་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གསུངས་པའི་སྒོ་གསུམ་ལས་སྤྱོད་པའི་འདྲེན་སྒོ་འབྱིན་པར་བྱེད་པའི་རྩ་བ་གསུམ་སྟེ། བློའི་རྩ་བ་དང། གྲོས་ཀྱི་རྩ་བ་དང། ཐབས་ཀྱི་རྩ་བ་བཅས་གསུམ་མམ། ཡང་ན། ཞི་བར་གནས་པ་བློའི་རྩ་བ་དང་། ལྷག་གེར་མཐོང་བ་གྲོས་ཀྱི་རྩ་བ་དང། ཟུང་དུ་འབྲེལ་བ་ཐབས་ཀྱི་རྩ་བ་བཅས་གསུམ་མོ། །
|
| Domain
|
ཆོས་ལུགས།
|
འབྱིན་པའི་ལྡེ་མིག་རྩ་བ་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ་དགོངས་པ་འདུས་པར་གསུངས་པའི་སྒོ་གསུམ་ལས་ཐབས་ཀྱི་སྦྱོར་སྒོ་དང་ངེས་པའི་གསང་སྒོ་ཐུན་མོང་དུ་འབྱིན་པར་བྱེད་པའི་རྩ་བ་གསུམ་སྟེ། བདེན་གཉིས་དབྱེར་མེད་ཀྱི་དེ་ཁོ་ན་ཉིད་དང། དེ་རྟོགས་པའི་ལམ་དམ་པར་ངེས་པ་དང། དོན་གཉིས་ཡོངས་སུ་རྫོགས་ཟིན་པ་བཅས་གསུམ་མོ། ། 3.མདོ་དགོངས་པ་འདུས་པར་གསུངས་པའི་སྒོ་གསུམ་ལས་ངེས་པའི་གསང་སྒོ་འབྱིན་པར་བྱེད་པའི་རྩ་བ་གསུམ་སྟེ། མཚོན་པ་དཔེའི་རྩ་བ་དང། མི་མཐུན་པ་སྐྱོན་གྱི་རྩ་བ་དང། དོན་ངེས་པའི་རྩ་བ་བཅས་གསུམ་མོ། །
|