68291
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་གསང་སྔགས་གསང་བའི་མཛོད་སྒོ་འབྱེད་པའི་ལྡེ་མིག་གསུམ་གྱི་ཡ་གྱལ་ཞིག་སྟེ། དེའང་རྒྱལ་བ་ཀུན་གྱི་དགོངས་པའི་གསང་མཛོད་དམ་པར་འཇུག་པའི་སྒོ་རྣམ་གསུམ་སོ་སོའི་འབྱིན་པར་བྱེད་པའི་ཐབས་མཆོག་རྩ་བ་གསུམ་གྱི་ལྡེ་མིག་དག་གིས་མཛོད་འབྱིན་པ་བཞིན་དུ་ངེས་པར་འབྱིན་པར་བྱེད་པས་སོ། །ཕྱེ་ན་སྤྱོད་པའི་འདྲེན་སྒོ་འབྱིན་པར་བྱེད་པའི་རྩ་བ་གསུམ་དང། ཐབས་ཀྱི་སྦྱོར་སྒོ་དང་ངེས་པའི་གསང་སྒོ་ཐུན་མོང་དུ་འབྱིན་པར་བྱེད་པའི་རྩ་བ་གསུམ་དང། ངེས་པའི་གསང་སྒོ་འབྱིན་པར་བྱེད་པའི་རྩ་བ་གསུམ་མོ། ། |
| Domain | ཆོས་ལུགས། |