68304
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཙཱ་སྡེ་བ་ནམ་མཁའ་རྡོ་རྗེས་རབ་བྱུང་དྲུག་པའི་འགོར་བཏབ། རབ་བྱུང་བཅུ་བཞི་པའི་དུས་སུ་རག་འཕྲུལ་དགོན་ཤུལ་ལུས་རྣམས་ཀྱང་། ད་ལྟའི་དགོན་གཞིས་འདིར་སྤོས་ནས་ལྷ་ཁང་ཆུང་ངུ་ཞིག་བཞེངས་ནས་མཚན་ཡོན་ཏན་འབྱུང་ཁུངས་དགོན་ཞེས་གསོལ། གྲྭ་ཁྲིམས་བསྡུ་བ་དང་གྲྭ་གཏད་འཛུགས་པ་སོགས་ལུགས་གཉིས་ཀྱི་ཁྲིམས་ཤིན་ཏུ་དམ། སྐུ་གསུང་ཐུགས་རྟེན་ནི། གསེར་སྐུ་སྒྲོལ་ལྷ་ཉེར་གཅིག གནས་བསྟན་བཅུ་དྲུག འཇིགས་པ་བརྒྱད་སྐྱོབ། ཉེ་སྲས་བརྒྱད། སངས་རྒྱས་རབ་བདུན། ས་པཎ། ཀརྨ་པ། ལི་མ་འཇམ་དཔལ། གུ་རུ་ཞལ་གསུང་མ། གདུགས་དཀར། སྤྱན་གཟིགས། དུས་གསུམ་སངས་རྒྱས། ཚེ་དཔག་མེད་དངུལ་སྤྱན་ཟངས་ཞལ། བྱམས་སྐུ་རྒྱ་ནག་ལི་མ། སྟོན་སྐུ་རྡོར་གདན་མ་བཅས། རྟེན་སྒམ་དུ། ལི་སྐུ་ཐུབ་པ། ཉང་གཏེར་ཕག་མོ། བཀའ་གདམས་མཆོད་རྟེན། སྣར་ཐང་བཀའ་འགྱུར་གཙོས་པོད་སུམ་བརྒྱ་ཙམ་དང་། དུང་འཁོར་གཉིས་དང་འཁོར་ཆུང་མང་པོ། ཐང་ཀ་བརྒྱད་ཅུ། གདུང་རྟེན་གསེར་དངུལ་བཀྲ་མའི་ཆ་བརྒྱད་དང། གསེར་དངུལ་བཀྲ་མའི་དུང་ཆ་གཉིས་དང་དུང་དམར། འདུ་ཁང་སྟེང་གི་གསེར་ཏོག རྒྱལ་མཚན་བཞི། ཆོས་འཁོར་བཅས་ཡོད་ཀྱང་དུས་འགྱུར་གྱི་སྐབས་སུ་དེ་ཐམས་ཅད་མིང་ཙམ་དུ་བྱས་། དེང་སང་གསེར་སྐུ་བརྒྱ་དང་ཉེར་ལྔ། རྙིང་པ་བཅོ་ལྔ། དངུལ་མཆོད། གསེར་གླིང་གཉིས། གསུང་རྟེན་ལ་བཀའ་བསྟན། རྙིང་རྒྱུད། བཀའ་མ་སྨིན་ལུགས་དང་། རིན་གཏེར་སོགས་རིས་མེད་ཀྱི་དབུ་ཕྱག་རྫོགས་ཆེན་ཆོས་སྐོར་གྱི་ཁྲིད་ཡིག་རྣམས་དང་། རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་རྣམ་ཐར་པོད་གཉིས། ཚངས་དབྱངས་རྒྱ་མཚོ། གྲུབ་དབང་ཤཱཀྱ་ཤྲཱིའི་རྣམ་ཐར། དཔལ་ཡུལ་ཀརྨ་སྐུ་ཆེན། རྒྱ་སྤྲུལ་མདོ་སྔགས་བསྟན་འཛིན། བུ་སྟོན། ངོར་མཁན་ཆེན། ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ། ཇོ་བོ་རྗེའི་རྣམ་ཐར་སོགས་གསར་རྙིང་སྐྱེས་ཆེན་དམ་པའི་རྣམ་ཐར་སྐོར་སོགས་བཞུགས། |