68479

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ནི། རོལ་པ་ཚོགས་ཀྱི་དཀྱིལ་འཁོར་གྱི་ཡ་གྱལ་ལས་གཉིས་པ་སྟེ། ཕྱོགས་བཅུའི་མུན་སེལ་ལས། གཉིས་པ་ནི། ཕྱི་ནང་གསང་བའི་ཡོ་བྱད་ཐམས་ཅད་ཡིན་ལ། ཁྱད་པར་དུ་ཤ་དང་ཆང་ནི་མེད་དུ་མི་རུང་བའི་ཐབས་དང་ཤེས་རབ་ཀྱི་རྫས་ཏེ། (གསང་རྒྱུད་)དེ་ལས། མ་ཧཱ་མྃ་ས་བདུད་རྩིར་བཅས། །མེད་དུ་མི་རུང་དངོས་གྲུབ་རྫས། །བཟའ་བཏུང་འབྲུ་བཅུད་ཤིང་འབྲས་དང་། །འདོད་པའི་ཡོན་ཏན་ཐམས་ཅད་དོ། །ཞེས་སོ། །དེའང་གླུ་དང་། གར་དང་། རོལ་མོའི་སྤྲིན་ཕུང་དུ་མས་བརྒྱན་པའོ། །ཞེས་གསུངས།
Domain ཆོས་ལུགས།