68511

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་ (1)
Part of speech མིང་ཚིག
Definition བཟའ་རུང་བའི་འབྲུ་རིགས་འབྲས་ཀྱི་དོན་ཏེ། ལོ་རེ་བཞིན་བཏབ་ནས་སྐྱེ་བའི་ལོ་ཏོག་རིགས་ཤིག་སྟེ། རྩ་སྡོང་སོགས་སྐྱེ་ལུགས་གྲོ་དང་མཚུངས་ཤིང་སྐྱེ་སྟོབས་གྲོ་ལས་བཟང་བ། འདབ་མའམ་ལྗང་པ་ཅུང་ཟད་ཆེ་ལ་རིང་བ་རལ་གྲིའི་དབྱིབས་འདྲ་བ་དང༌། སྙེ་མ་མང་ལ་རིང་བ་སྡོང་པོའི་སྟོད་དུ་རྩེ་ཐུར་དུ་གུག་ཅིང་པགས་པ་སྲབ་མོའི་ནང་འབྲུ་ཁ་དོག་དཀར་པོ་མང་བ། རྒྱ་གར་དང༌། རྒྱ་ནག་སོགས་ཡུལ་ཆེན་ཕལ་མོ་ཆེར་བཏབ་ནས་སྐྱེ་བ། འབྲས་བུ་སྨིན་མཚམས་སུ་བཏུས་པ་དེ་སྨན་སྦྱོར་ལ་གཞིགས་ཏེ་རེ་འགའ་བརྔོ་དགོས་པ་དང༌། འབྲས་དཀར་དང༌། འབྲས་ཐུག ཆང་སོགས་ལ་བེད་སྤྱོད་བྱེད་པ་ཡིན། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་སྣུམ་ཞིང་བསིལ་ལ་ཡང་བས་ཉེས་གསུམ་གྱི་ནད་སེལ་ཞིང༌། རོ་ཙ་འཕེལ་ཞིང་ལུས་ཀྱི་མདངས་སྟོབས་རྒྱས་པར་བྱེད་པ་དང༌། ལུས་ཡང་ཞིང་ཡིད་གཞུངས་པ་དང༌། འཁྲུ་སྐྱུགས་གཉིས་ཀ་གཅོད་པར་བྱེད་པའོ། །
Keyword True
Example འབྲས་ཞིང་འདེབས་པ། འབྲས་སྒྱེ་མོ་གང་ཞེས་པ་ལྟ་བུ།
འབྲས་ (2)
Part of speech མིང་ཚིག
Definition འགྲམ་འཁྲུགས་དང་ཁ་ཟས་མ་སྨིན་པ་སོགས་ཀྱིས་ངན་ཁྲག་རྒྱས་ཏེ་རླུང་གིས་བསྒྲིལ་ནས་ཤིང་བི་ད་ར་ཡི་འབྲས་བུ་ལྟར་སྲ་མཁྲེགས་ལྡན་པར་གྱུར་པས་ན་འབྲས་ཞེས་ཟེར་ཏེ་ལྷན་སྐྱེས་རྨ་ཡི་ནང་ཚན་ཞིག
འབྲས་ (3)
Part of speech མིང་ཚིག
Definition འབྲས་བུ་ཞེས་པའི་ཚིག་བསྡུས་པ།
Example རྒྱུ་འབྲས་གྱི་འབྲེལ་བ་ཞེས་པ་ལྟ་བུ།