68536

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་དོར་མ་ (1)
Part of speech མིང་ཚིག
Definition སོན་དང་པགས་པ་སྨན་དུ་བཀོལ་རུང་བའི་ཤིང་ཞིག ལོ་མང་སྐྱེ་བའི་ཤིང་སྨན་ཡལ་ཕྲན་ཆུང་བའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཤིང་རྒྱུ་ཕྲ་བ་གཏིང་རིང་པོར་ཟུག་པ། སྡོང་པོ་སྔོ་སྐྱ་འཁྱོག་པའི་སྟོད་ཆ་ནས་ཡལ་ག་གྱེས་པ། ལོ་མ་སྒོར་ཆུང་ཅན་ཡལ་སྡོང་གི་རྩེ་ངོས་སུ་ཚོམ་བུར་འཆར་བ། མེ་ཏོག་ཟིང་དཀར་ཕྱེ་མ་ལེབ་དབྱིབས་ཅན་ཡལ་སྡོང་གི་རྩེ་དང་བར་མཚམས་གང་ས་ནས་འཆར་བ། ཡལ་རྗེས་འབྲས་བུ་ནག་རིལ་ཆུང་ངུ་འདོགས་པ་སྟེ། བོད་ཀྱི་སྐམ་ཤས་ཆེ་བའི་རི་ལྡེབས་དང༌། རི་མ་ཐང༌། གྲོག་ཤུལ་བཅས་སུ་སྐྱེ་བ། ཡལ་ག་སྟོན་དཔྱིད་གང་རུང་ལ་བཏུས་ཏེ་ཕྱི་དྲེག གཙང་མ་བཟོས་རྗེས་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་མཁྲིས་པའི་ནད་དང༌། རྩ་རྒྱུས་ཀྱི་ནད་ལ་ཕན་པའོ།