68549
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ནི། བཀའ་བརྒྱད་རྣམ་བཤད་ལས། སྔགས་ཕྱི་ནང་གི་གཞུང་དུ་གྱུར་པའི་བཀའ་ཐམས་ཅད་ལ་ནི་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཞེས་བྱའོ། །ཞེས་གསུངས། ཐ་སྙད་གཞན། འབྲས་བུ་སྔགས་ཀྱི་ཐེག་པ་དང་། གསང་སྔགས་ཀྱི་ཐེག་པ། འབྲས་བུའི་ཐེག་པ། རྡོ་རྗེའི་ཐེག་པ། ཐབས་ཀྱི་ཐེག་པ། རིག་པ་འཛིན་པའི་སྡེ་སྣོད་བཅས་སུའང་གྲགས། རྒྱས་པར་འབྲས་བུའི་ཐེག་པ་དང་། འབྲས་བུའི་ཐེག་པ་མཚན་ཉིད་པའི་སྐབས་སུ་གཟིགས། |
| Domain | ཆོས་ལུགས། |