68561
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། འབྲས་བུ་ཆོས་སྐུའི་གོ་འཕང་བརྙེས་པའི་དུས་སྐབས་ཤིག དེའི་ངོས་འཛིན་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། འབྲས་བུ་ཆོས་སྐུ་འགྲུབ་པའི་དུས་མཚམས་ཡོད་དེ། རྒྱུན་མཐའི་བར་ཆད་མེད་ལམ་ལ་གནས་པའི་སེམས་དཔའ་དེས། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ཟད་པར་མ་སྤངས་པས་བར་ཆད་མེད་ལམ་དེ་ལ་ཤེས་བྱ་ཇི་སྙེད་པའི་རྣམ་པ་ཅུང་ཟད་ཀྱང་མི་སྣང་ལ། ཇི་ལྟ་བ་ལ་གཉིས་སྣང་ནུབ་པའི་ངང་འདིའི་སྐད་ཅིག་གཉིས་པ་ལ་ཤེས་བྱ་ཇི་སྙེད་པ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མངོན་སུམ་དུ་གཟིགས་པ་དེའི་ཚེ་ཤེས་སྒྲིབ་ཟད་པར་སྤངས་པ་དང། ཡང་དག་མཐའ་མངོན་དུ་བྱས་པ་དང། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་ཞིང་། སེམས་དཔའ་དེའི་སྐུའི་རིགས་འདྲ་ཕྱི་མ་མཚན་དཔེས་སྤྲས་པ་ཉིད་མཚན་དཔེ་ཡོངས་རྫོགས་ཀྱི་ལོངས་སྐུའི་སྐུར་འགྱུར་བ་དང། ལོངས་སྐུ་དེ་དང་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་པ་གྲུབ་པའི་སྤྲུལ་སྐུ་ཡང་འབྱུང་བས་སྐུ་བཞི་གཅིག་ཅར་དུ་འགྲུབ་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |