68566

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ་ (1)
Part of speech མིང་ཚིག
Definition འགལ་བའི་རང་བཞིན་དམིགས་པ་བཞིའི་ནང་གསེས། གནོད་བྱེད་ཀྱི་ངོ་བོ་རྟགས་སུ་བཀོད་ནས། གནོད་བྱའི་འབྲས་བུ་འགོག་པ་སྟེ།
Example མེས་ཁྱབ་པར་ནོན་པའི་ཤར་གཞིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། མེས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མེའི་རང་བཞིན་གྱིས་གྲང་བའི་འབྲས་བུ་མེད་པར་སྒྲུབ་པའོ། །
Domain ཚད་མ།