68568

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་ (1)
Part of speech མིང་ཚིག
Definition མདོ། དབུ་མ། འབྲས་བུའི་དུས་སུ་སེམས་ཀྱི་ཆོས་ཉིད་དྲི་མ་མཐའ་དག་དང་བྲལ་བའི་ངོ་བོ་ཉིད་ཀྱི་སྐུ་དང། སེམས་ཅན་གཞན་སྣང་ལ་གཟུགས་སྐུ་གཉིས་ཀྱི་སྣང་བ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པར་སྟོན་ནུས་པའི་ཡོན་ཏན་གྱི་ཆ་དབྱེར་མེད་དུ་འདུ་བ་དེ་ལ་འབྲས་བུ་དབུ་མ་སྐུ་གཉིས་ཟུང་དུ་འཇུག་པ་ཞེས་བྱའོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཟབ་ཞི་སྤྲོས་བྲལ་གྱི་བཤད་པ་ལས་གསུངས་སོ། །
Domain ཆོས་ལུགས།