6857

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏམ་ཆད་ (1)
Part of speech མིང་ཚིག
Definition གཏམ་བཤད་བྱེད་པའམ་སྐད་ཆ་ཤོད་བཞིན་པའི་སྐབས་སུ་མཚམས་ཆད་ནས་འཕྲོ་སྐྱོང་མ་ཐུབ་པར་གྱུར་པའི་དོན་ཏེ།
Example གོ་ཁྲིད་གསར་པ་དེས་མི་མང་ལ་གཏམ་བཤད་རྒྱུན་རིང་པོར་བྱེེད་རྩིས་བྱས་ཀྱང་ཁོ་བར་ཆ་རྒྱུས་མེད་པའི་དབང་གིས་ཅུང་ཙམ་ནས་གཏམ་ཆད་པ་རེད་ལྟ་བུ།
གཏམ་ཆད་ (2)
Part of speech མིང་ཚིག
Definition མ་འོངས་པར་ཇི་ལྟར་བྱེད་རྒྱུའི་ཐད་གྲོས་མོལ་བྱས་ཏེ་ཕན་ཚུན་དབར་ཁ་དན་བཞག་པའི་དོན་ཏེ།
Example ཁོ་གཉིས་ཀྱིས་རྗེས་སུ་སྐྱིད་སྡུག་ག་རེ་བྱུང་ཡང་ཕན་ཚུན་ལ་རོགས་རམ་བྱ་རྒྱུའི་གཏམ་ཆད་བྱས་ལྟ་བུ།