68573
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་བཞིན་གཤེགས་པ་ཐམས་ཅད་ལ་མཉམ་པའི་མ་འདྲེས་པའི་ཡོན་ཏན་ཞིག འབྲས་བུ་ཟག་མེད་ཀྱི་ཆོས་རྒྱུན་གྱི་ཚོགས་སམ་སེམས་གནས་གྱུར་པ་ཆོས་ཀྱི་སྐུ་འགྲུབ་པའོ། །དེ་ཡང་རྣམ་པ་བཞི་སྟེ། ཡེ་ཤེས་ཕུན་སུམ་ཚོགས་པ་དང་། སྤང་བ་ཕུན་སུམ་ཚོགས་པ་དང་། མཐུ་སུམ་ཚོགས་པ་དང་། གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའོ། །དེ་དག་རེ་རེ་ལའང་བཞི་བཞི་སྟེ། དེ་ཡང་དང་པོ་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམ་པ་བཞི་ནི། མ་བསྟན་པ་མཁྱེན་པ་དང་། ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དང་། མ་འབད་པར་མཁྱེན་པའོ། །གཉིས་པ་སྤངས་པ་ཕུན་སུམ་ཚོགས་པ་བཞི་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། གཏན་དུ་སྤངས་པ་དང་། བག་ཆགས་དང་བཅས་ཏེ་སྤངས་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ། །གསུམ་པ་མཐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། ཕྱིའི་ཡུལ་སྤྲུལ་པ་དང་། ཡོངས་སུ་བསྒྱུར་བ་དང་། སྐུ་ཚེ་གཏོང་བ་དང་། བྱིན་གྱིས་རློབ་པའི་མངའ་ཕུན་སུམ་ཚོགས་པ་དང་། སྒྲིབ་པ་དང་ནམ་མཁའ་དང་ཤིན་ཏུ་རིང་བ་ལ་མྱུར་དུ་གཤེགས་པ་དང་། ཆུང་ངུར་མང་པོ་འཇུག་པར་མཛད་པའི་མངའ་ཕུན་སུམ་ཚོགས་པ་དང་། ཡང་མཚན་གྱི་ཆོས་ནར་མ་རྣམ་པ་སྣ་ཚོགས་ཕུན་སུམ་ཚོགས་པའོ། །བཞི་པ་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་བཞི་ནི། མཚན་ཕུན་སུམ་ཚོགས་པ་དང་། དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་དང་། སྟོབས་ཕུན་སུམ་ཚོགས་པ་དང་། སྐུ་གདུང་རྡོ་རྗེ་ལྟར་སྲ་བ་ཉིད་ཕུན་སུམ་ཚོགས་པའོ། །དེ་ལྟར་ན་དེ་དག་ནི་སངས་རྒྱས་རྣམས་ཀྱི་ཆེ་བའི་བདག་ཉིད་མདོར་བསྡུས་པ་ཡིན་ནོ། །དེ་དབྱེ་ན་ནི་མཐའ་ཡས་པར་འགྱུར་ཏེ། དེ་ཡང་བཅོམ་ལྡན་འདས་རྣམས་ཁོ་ན་ནས་གལ་ཏེ་སྐུ་ཚེ་བསྐལ་པ་གྲངས་མེད་པ་དུ་མར་བྱིན་གྱིས་བརླབས་པར་གྱུར་ན་མཐའ་དག་མཁྱེན་པ་དང་བརྗོད་པར་སྤྱོད་དོ། ། |
| Domain | ཆོས་ལུགས། |