68575

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་བུ་བཅུ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། འབྲས་བུ་བཅུ་ནི། ༡ཉན་ཐོས་ཀྱི་འབྲས་བུ་དགྲ་བཅོམ་པ། ༢རང་རྒྱལ་གྱི་འབྲས་བུ་བསེ་རུ་ལྟ་བུའི་སངས་རྒྱས། ༣བྱང་ཆུབ་སེམས་དཔའི་འབྲས་བུ་ཀུན་ཏུ་འོད་ཀྱི་ས། ༤བྱ་རྒྱུད་ཀྱི་འབྲས་བུ་རིགས་གསུམ་མགོན་པོའི་ས། ༥སྤྱོད་རྒྱུད་ཀྱི་འབྲས་བུ་རིགས་བཞིའི་སངས་རྒྱས། ༦རྣལ་འབྱོར་རྒྱུད་ཀྱི་འབྲས་བུ་རིགས་ལྔའི་སངས་རྒྱས། ༧མ་ཧཱ་ཡོ་གའི་འབྲས་བུ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས། ༨ཨ་ནུ་ཡོ་གའི་འབྲས་བུ་རྡོ་རྗེ་འཆང་ཆེན། ༩ཨ་ཏི་ཡོ་གའི་འབྲས་བུ་ཀུན་ཏུ་བཟང་པོ། ༡༠སྤྱི་ཏི་ཡོ་གའི་འབྲས་བུ་ཡེ་ཐོག་ཀ་དག་གི་སངས་རྒྱས་བཅས་བཅུ་སྟེ། ཉི་ཟླ་འབར་བའི་སྒྲོན་མ་ལས། ཉན་ཐོས་ཀྱིས་དགྲ་བཅོམ་པའི་འབྲས་བུ་འཐོབ་བྱའི་ཕྱིར་དང༌། རང་རྒྱལ་གྱིས་བསེ་རུ་ལྟ་བུའི་འབྲས་བུ་འཐོབ་བྱའི་ཕྱིར་དང༌། བྱང་ཆུབ་སེམས་དཔས་བཅུ་གཅིག་ཀུན་ཏུ་འོད་ཀྱི་འབྲས་བུ་འཐོབ་བྱའི་ཕྱིར་དང༌། སྔགས་ཀྲི་ཡས་རིགས་གསུམ་གྱི་འབྲས་བུ་འཐོབ་བྱའི་ཕྱིར་དང༌། ཨུ་པ་ཡས་རིགས་བཞིའི་འབྲས་བུ་འཐོབ་བྱའི་ཕྱིར་དང༌། ཡོ་གས་རིགས་ལྔའི་འབྲས་བུ་འཐོབ་བྱའི་ཕྱིར་དང༌། མ་ཧཱས་བཅུ་དྲུག་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་རྡོ་རྗེ་འཛིན་པའི་འབྲས་བུ་འཐོབ་བྱའི་ཕྱིར་དང༌། ཨ་ནུ་ཡོ་གས་རྡོ་རྗེ་འཆང་ཆེན་པོའི་འབྲས་བུ་འཐོབ་བྱའི་ཕྱིར་དང༌། ཨ་ཏིས་ཀུན་ཏུ་བཟང་པོའི་འབྲས་བུ་འཐོབ་བྱའི་ཕྱིར་དང༌། སྤྱི་ཏིས་ཡེ་ཐོག་ཀ་དག་གི་འབྲས་བུ་འཐོབ་བྱའི་ཕྱིར། ཞེས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]