68580
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། (བྱེ་བྲག་བཟང་ཟ)་ལ། རྒྱུ་བཟང་ཟ་དང་། ལམ་བཟང་ཟ། འབྲས་བུ་བཟང་ཟ་དང་གསུམ་བསྟན་པའི་དེ་གསུམ་ནི་དོན་གྱི་ངོས་ནས་གཞི་ལམ་འབྲས་དང་གཅིག་ཏུ་གནས་ཤིང་། དེའི་ནང་གསེས་འབྲས་བུ་བཟང་ཟ་ནི་ཐོབ་བྱ་མཐའ་ཐུག་གི་སྐུ་སྟེ་སྤང་བྱ་མཐའ་དག་ལས་གྲོལ་བའི་དག་པ་གཉིས་ལྡན་གྱི་བོན་དབྱིངས་ལ་གོ་ཞིང་། དེ་ཡང་གཅིག་དང་ཐ་དད་ལ་སོགས་པའི་ཐ་སྙད་དང་བྲལ་ཞིང་བསྒོམ་བྱ་སྒོམ་བྱེད་གཉིས་སུ་མེད་པའི་འབྲས་བུ་སྐྱེ་མེད་ཀྱི་དོན་བསྟན་པ་ཡིན་ཏེ། ཀུན་འབྱུང་དབྱིངས་དག་ལས། འབྲས་བུ་བཟང་ཟ་སྐུ་གསུམ་ཚང་། རིགས་བཙུན་ཐ་དད་བྲལ་བ་མོ། བསྒོམ་བྱ་སྒོམ་བྱེད་རྟོགས་མཐའ་ནུབ། ཅེས་གསུངས་སོ། ། |
| Domain | ཆོས་ལུགས། |