68585

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་བུ་འགལ་དམིགས་ཀྱི་རྟགས་ (1)
Part of speech མིང་ཚིག
Definition སྣང་རུང་གི་འགལ་ཟླ་དམིགས་པའི་རྟགས་ཀྱི་ནང་གསེས། འབྲས་བུ་རྟགས་སུ་བཀོད་ནས་དེ་དང་འགལ་བའི་རྒྱུའི་ནུས་པ་ཐོགས་མེད་འགོག་པ་སྟེ།
Example དུ་བ་དྲག་ཏུ་འཕྱུར་བས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་ཀྱི་གྲང་རྒྱུའི་ནུས་པ་ཐོགས་མེད་མེད་དེ། དུ་བ་དྲག་ཏུ་འཕྱུར་བས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མེ་འབྲས་རྟགས་སུ་བཀོད་ནས། དེ་དང་འགལ་བའི་གྲང་རྒྱུའི་ནུས་པ་ཐོགས་མེད་དུ་འབྱུང་བ་འགོག་པའོ།
Domain ཆོས་ལུགས།