68586

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་བུ་འགལ་དམིགས་ཀྱི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition བེམ་པོ་གྱུུར་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་དབྱེ་བའི་ནང་གསེས། དགག་ཆོས་དེའི་དངོས་འབྲས་ཀྱི་འགལ་ཟླ་དེ་ཡོད་ན་སྐབས་ཀྱི་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་ཞིང་། དགག་ཆོས་དེའི་དངོས་འབྲས་དང་འགལ་བའི་འབྲས་བུ་འགལ་བར་དམིགས་པའི་རྟགས་ཡང་དག། པཎ་ཆེན་བསོད་ནམས་གྲགས་པ་མཆོག་གི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། དེའི་དངོོོས་འབྲས་ཀྱི་འགལ་ཟླ་སྣང་དུ་རུང་ན་འབྲས་བུ་འགལ་དམིགས་ཀྱི་རྟགས་ཡང་དག་འཇུག་པའི་དུས་ཡིན་ནོ། །ཞེས་དང། ལྔ་པ་ནི། ཤར་ཕྱོགས་ཀྱི་མེ་ཆོས་ཅན། གྲང་རྒྱུ་ནུས་པ་ཐོགས་མེད་དང་གནོད་མེད་དུ་ལྷན་ཅིག་ཏུ་མི་གནས་ཏེ། མེ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་དེ་ལྟ་བུ་སྟེ། དགག་བྱའི་ཆོས་གྲང་རྒྱུ་ནུས་པ་ཐོགས་མེད་ཀྱི་འབྲས་བུ་གྲང་རེག་གི་འགལ་ཟླ་མེ་རྟགས་སུ་བཀོད་པའི་ཚུལ་གསུམ་ཡིན་པའི་ཕྱིར།
Domain ཚད་མ།