68593
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བྱེ་བྲག་སྨྲ་བ། མཛོད་རྩ་བའི་འབྲས་བུ་འཛིན་འབྱིན་སྐབས་ཀྱི་འབྲས་བུ་འཛིན་པ་ནི་་རང་དང་དུས་མཉམ་པའམ་དེ་མ་ཐག་ཏུ་འབྲས་བུ་འབྱིན་པའི་ནུས་པ་མཐུ་ཅན་ཞིག་ལ་བྱེད་པ་ཡིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། འདིའི་སྐབས་སུ་འབྲས་བུ་འཛིན་པ་དང༌། འབྱིན་པ་ཞེས་པའི་ཁྱད་པར་བཤད་པ་ནི། རྒྱུ་དེ་དག་གང་རུང་ད་ལྟར་བ་ཁོ་ནའི་འབྲས་བུ་འཛིན་འབྱིན་གྱི་དབང་དུ་བྱས་པ་སྟེ། འབྲས་བུ་འཛིན་པ་ཞེས་པ་རང་དང་དུས་མཉམ་པའམ་དེ་མ་ཐག་ཏུ་འབྲས་བུ་འབྱིན་པའི་ནུས་པ་མཐུ་ཅན་ཞིག་ལ་བྱེད་པ་དང༌། འབྲས་བུ་འབྱིན་པ་ནི་འབྲས་བུ་དངོས་སུ་བསྐྱེད་པ་ལ་བྱེད་པ་ཡིན་ལ། ཞེས་གསུངས། |
| Domain | ཆོས་ལུགས། |