68596

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་བུ་ཡོད་པའི་ཤེས་པ་བཞི་ (1)
Part of speech མིང་ཚིག
Definition ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་མདོ་ལས་བྱུང་བ་སྟེ། འདུ་བྱེད་ཀྱི་འབྲས་བུ་ཡོད་པའི་ཤེས་པ་བསམ་གྱིས་མི་ཁྱབ་པ། འདུ་བྱེད་ཡོངས་སུ་བཤད་པའི་འབྲས་བུ་ཡོད་པའི་ཤེས་པ་བསམ་གྱིས་མི་ཁྱབ་པ། ཀུན་ནས་ཉོན་མོངས་པའི་འབྲས་བུ་ཡོད་པའི་ཤེས་པ་བསམ་གྱིས་མི་ཁྱབ་པ། རྣམ་པར་བྱང་བའི་འབྲས་བུ་ཡོད་པའི་ཤེས་པ་བསམ་གྱིས་མི་ཁྱབ་པའོ། །
Domain ཆོས་ལུགས།
འབྲས་བུ་ཡོད་པའི་ཤེས་པ་བཞི་ (2)
Part of speech མིང་ཚིག
Definition འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་འགྲེལ་པ་གྲགས་པའི་ཕྲེང་བ་ལས་བྱུང་བ་སྟེ། འཆད་པ་འབྲས་བུ་ཡོད་པའི་ཤེས་པ། ལུང་བསྟན་པ་འབྲས་བུ་ཡོད་པའི་ཤེས་པ། བག་ལ་ཉལ་འཇོམས་པ་འབྲས་བུ་ཡོད་པའི་ཤེས་པ། ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པ་འབྲས་བུ་ཡོད་པའི་ཤེས་པའོ། །