68618
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ལས་གང་ཞིག་འབྲས་བུ་ལྔ་ལས་འབྲས་བུ་དུ་ཞིག་གི་འབྲས་བུ་དང་བཅས་པ་ཡིན་ཞེ་ན། དྲི་བཅས་ཏེ་ཟག་པ་དང་བཅས་པའི་སྤོང་བའི་ལམ་དག་གི་ལས་ནི་རྣམ་སྨིན་དང་། བདག་འབྲས་དང་། རྒྱུ་མཐུན་པའི་འབྲས་བུ་དང་། སྐྱེས་བུ་བྱེད་འབྲས་དང་། བྲལ་འབྲས་དང་ལྔ་ཡི་འབྲས་བུར་བཅས་པ་ཡིན་ནོ། །དེ་ལ་དྲི་བཅས་སྤོང་བའི་ལམ་ནི་འཇིག་རྟེན་པའི་སྒོམ་པའི་ལམ་བར་ཆད་མེད་པའོ། །འདིའི་རྣམ་སྨིན་གྱི་འབྲས་བུ་ནི་རང་གི་སར་གཏོགས་པའི་རྣམ་སྨིན་ཡིད་དུ་འོང་བ་ཡིན་ལ། བདག་འབྲས་ནི་སྔར་བྱུང་མ་གཏོགས་པ་རང་གི་ངོ་བོ་ལས་གཞན་པའི་འདུས་བྱས་ཐམས་ཅད་དོ། །རྒྱུ་མཐུན་གྱི་འབྲས་བུ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་འདྲ་བ་ཕྱི་མ་རྣམས་སོ། །སྐྱེས་བུ་བྱེད་འབྲས་ནི་རྣམ་གྲོལ་གྱི་ལམ་དང་ཐོབ་པ་དང་སྤངས་པ་ལ་སོགས་པ་དེ་མ་ཐག་དང་ཅིག་ཅར་འབྱུང་བ་རྣམས་སོ། །བྲལ་འབྲས་ནི་ས་འོག་མའི་ཉོན་མོངས་པ་སྤངས་པའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |