68624
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། འབྲས་བུ་སྐྱེ་བའི་གཟུགས་མེད་ལ། མཚན་ཉིད་ནི། རྒྱུ་སྙོམས་འཇུག་གི་གཟུགས་མེད་བསྒོམས་སྟོབས་ཀྱིས་གཟུགས་མེད་ཁམས་སུ་ཐོབ་པའི་འདུས་བྱས་ཀྱི་ཆོས་སོ། །ངོ་བོའི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། རྒྱུ་མཐུན་གྱི་འབྲས་བུ་དང་། རྣམ་སྨིན་གྱི་འབྲས་བུའོ། །དང་པོ་ནི། གཟུགས་མེད་དུ་སྐྱེ་བས་ཐོབ་པའི་གཟུགས་མེད་ཀྱི་སྙོམས་འཇུག་རྣམས་སོ། །གཉིས་པ་ནི། གཟུགས་མེད་ཁམས་པའི་གང་ཟག་གི་རྒྱུད་ཀྱི་རྣམ་སྨིན་གྱིས་བསྡུས་པའི་ཕུང་པོ་བཞིའོ། །བདག་པོའི་འབྲས་བུ་ནི་མེད་དེ། གཟུགས་མེད་ཁམས་ན་ཕྱི་སྣོད་ཀྱི་འཇིག་རྟེན་མེད་པའི་ཕྱིར་རོ། །གཉིས་པ་གནས་ཀྱི་སྒོ་ནས་དབྱེ་ན། གཟུགས་མེད་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྐྱེ་བ་ལ་སོགས་པ་བཞི་ཡོད་དོ། །རྒྱུ་སྙོམས་འཇུག་གི་གཟུགས་མེད་ཆུང་ངུ་དང་འབྲིང་དང་ཆེན་པོར་བསྒོམས་པའི་སྟོབས་ཀྱིས་གནས་གོང་འོག་གི་ཕྱེ་བའི་གཟུགས་མེད་ཀྱི་སྐྱེ་བ་ཐོབ་པ་མེད་ཀྱང་། གཟུགས་མེད་ཀྱི་སྐྱེ་བ་མཐོན་པོ་དང་། དམའ་བ་དང་། ངན་པ་དང་། བཟང་པོ་ཐོབ་པ་ནི་ཡོད་དེ། ཀུན་བཏུས་ཀྱི་འགྲེལ་པ་རྒྱལ་པོའི་སྲས་ལས། གཟུགས་མེད་པ་རྣམས་ན་ནི་གཞལ་མེད་ཁང་གི་གནས་གཞན་མེད་པའི་ཕྱིར། དེ་ལྟར་སྐྱེ་བའི་བྱེ་བྲག་རྣམ་པར་གཞག་པ་མེད་ལ། འོན་ཀྱང་དེ་དག་ལ་ཆུང་ངུ་ལ་སོགས་པ་ཡོངས་སུ་བསྒོམས་པ་རྣམས་ཀྱི་སྐྱེ་བ་ལ་ཚེ་ལ་སོགས་པའི་ཁྱད་པར་གྱིས་མཐོན་པོ་དང་། དམའ་བ་དང་། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་མང་བའི་ཁྱད་པར་གྱིས་ངན་པ་དང་བཟང་པོ་ནི་ཡོད་དོ་ཞེས་གསུངས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྙོམས་འཇུག་རབ་གསལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:འབྲས་བུ་སྐྱེ་བའི་གཟུགས་མེད་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྒྱུ་སྙོམས་འཇུག་གི་གཟུགས་མེད་སྒོམ་སྟོབས་ཀྱིས་ཐོབ་པའི་རྣམ་སྨིན་གྱི་འབྲས་བུ་དང༌། རྒྱུ་མཐུན་གྱི་འབྲས་བུ་གང་རུང་གིས་བསྡུས་པ། དང་པོ་ནི། གཟུགས་མེད་ཀྱི་ལྷ་དང༌། དེའི་རྒྱུད་ཀྱི་ཕུང་པོ་ལྟ་བུ། གཉིས་པ་ནི་དེའི་རྒྱུད་ཀྱི་ཟག་བཅས་ཀྱི་གཟུགས་མེད་ཀྱི་སྙོམས་འཇུག་ལྟ་བུ། གཉིས་པ་ནི། རྒྱུ་སྙོམས་འཇུག་གི་གཟུགས་མེད་ཆུང་ངུ༌། འབྲིང་ཆེན་པོ་སྒོམ་པ་ལས། གཟུགས་མེད་ཀྱི་སྐྱེ་བ་མཐོ་བ་དང༌། དམའ་བ་བཟང་པོ་དང་ངན་པ་རྣམས་ཐོབ་པར་འགྱུར་བའི་ཕྱིར་རོ།། |
{{#arraymap:འབྲས་བུ་སྐྱེ་བའི་གཟུགས་མེད་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྒྱུ་སྙོམས་འཇུག་གི་གཟུགས་མེད་ཀྱི་སྙོམས་འཇུག་དང་འབྲས་བུ་སྐྱེ་བའི་གཟུགས་མེད་གང་རུང་ཡང་ཡིན། ཚེ་རབས་གཞན་དུ་རང་གི་རྒྱུར་གྱུར་པའི་རྒྱུ་སྙོམས་འཇུག་གི་གཟུགས་མེད་སྙོམས་འཇུག་བསྒོམས་སྟོབས་ཀྱིས་ཐོབ་པའི་སྐྱེས་ཐོབ་ཀྱི་ཆོས་ཀྱང་ཡིན་པའི་གཞི་མཐུན་པར་དམིགས་པ། འབྲས་བུ་སྐྱེ་བའི་གཟུགས་མེད་ཀྱི་མཚན་ཉིད། དེ་ལ་དབྱེ་ན། རྒྱུ་སྙོམས་འཇུག་གི་གཟུགས་མེད་ཀྱི་རྒྱུ་མཐུན་གྱི་འབྲས་བུ་ཡིན་པ་དང། དེའི་རྣམ་སྨིན་གྱི་འབྲས་བུ་ཡིན་པ་གཉིས་སུ་ཡོད། དང་པོ་ནི། གཟུགས་མེད་ཁམས་པའི་རྒྱུད་ཀྱི་སྐྱེས་ཐོབ་ཀྱིས་ཐོབ་པའི་གཟུགས་མེད་ཀྱི་སྙོམས་འཇུག་ལྟ་བུ། གཉིས་པ་ནི། གཟུགས་མེད་ཁམས་པའི་རྒྱུད་ཀྱི་རྣམ་སྨིན་གྱི་ཚོར་ཕུང་ལྟ་བུའོ། །ཡང་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་ལ་དབྱེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞིའི་སྙོམས་འཇུག རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞིའི་སྙོམས་འཇུག ཅི་ཡང་མེད་སྐྱེ་མཆེད་ཀྱི་དངོས་གཞིའི་སྙོམས་འཇུག་དང་སྲིད་རྩེའི་སྐྱེ་མཆེད་ཀྱི་དངོས་གཞིའི་སྙོམས་འཇུག་དང་བཞི་ཡོད། |
{{#arraymap:འབྲས་བུ་སྐྱེ་བའི་གཟུགས་མེད་
|; |@@@ | | }}