68625
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རྒྱུ་སྙོམས་འཇུག་གི་བསམ་གཏན་སྒོམ་སྟོབས་ཀྱིས་ཐོབ་པའི་རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་གསུམ་གང་རུང་གིས་བསྡུས་པ། དང་པོ་ནི། གཟུགས་ཁམས་ཀྱི་ཚོར་བ་ལྟ་བུ། གཉིས་པ་ནི། དེའི་རྒྱུད་ཀྱི་བསམ་གཏན་གྱི་སྙོམས་འཇུག་ལྟ་བུ། གསུམ་པ་ནི། གཟུགས་ཁམས་ཀྱི་སྣོད་ཀྱི་འཇིག་རྟེན་ལྟ་བུ། དེ་ལ་དབྱེ་ན་རྣམ་པ་གསུམ་ཡོད་དེ། རྒྱུ་སྙོམ་འཇུག་གི་བསམ་གཏན་ཆུང་ངུ༌། འབྲིང༌། ཆེན་པོ་སྒོམ་པ་ལས་དེའི་འབྲས་བུ་ཆུང་ངུ༌། འབྲིང༌། ཆེན་པོ་གསུམ་འཐོབ་པར་འགྱུར་བའི་ཕྱིར་ཏེ། རྒྱུ་སྙོམས་འཇུག་གི་བསམ་གཏན་དང་པོ་ཆུང་ངུ་སྒོམ་པས་ཚངས་རིས། འབྲིང་དུ་སྒོམ་པས་ཚངས་པའི་མདུན་ན་འདོན་ཆེན་པོར་སྒོམ་པས་ཚངས་ཆེན། རྒྱུ་སྙོམས་འཇུག་གི་བསམ་གཏན་གཉིས་པ་གསུམ་པ་བཞི་པ་རྣམས་ཆུང་ངུ༌། འབྲིང་ཆེན་པོ་སྒོམ་པ་ལས་གོ་རིམས་བཞིན་དུ་འོད་ཆུང་འོད་གསལ། ཚད་མེད་འོད། དགེ་ཆུང༌། ཚད་མེད་དགེ ། དགེ་རྒྱས། སྤྲིན་མེད། བསོད་ནམས་སྐྱེ། འབྲས་བུ་ཆེ་བ་རྣམས་འགྲུབ་ཅིང༌། སྤེལ་སྒོམ་རྣམ་པ་ལྔ་ལ་བརྟེན་ནས་གནས་གཅིག་གི་སྐྱེ་བ་ལྔ་གྲུབ་བོ། ། |
Domain | ཆོས་ལུགས། |
{{#arraymap:འབྲས་བུ་སྐྱེ་བའི་བསམ་གཏན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྒྱུ་སྙོམས་འཇུག་གི་བསམ་གཏན་དང་འབྲས་བུ་སྐྱེ་བའི་བསམ་གཏན་གང་རུང་ཡང་ཡིན། སྐྱེ་བ་གཞན་དུ་རང་གི་རྒྱུར་གྱུར་པའི་རྒྱུ་སྙོམས་འཇུག་གི་བསམ་གཏན་བསྒོམས་སྟོབས་ཀྱིས་ཐོབ་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་སྐྱེས་ཐོབ་ཀྱི་ཆོས་སུ་དམིགས་པ། འབྲས་བུ་སྐྱེ་བའི་བསམ་གཏན་གྱི་མཚན་ཉིད། དབྱེ་ན། ཁོ་རང་གི་རྒྱུར་གྱུར་པའི་རྒྱུ་སྙོམས་འཇུག་གི་བསམ་གཏན་གྱི་རྒྱུ་མཐུན་གྱི་འབྲས་བུར་གྱུར་པའི་འབྲས་བུ་སྐྱེ་བའི་བསམ་གཏན། རྣམ་སྨིན་གྱི་འབྲས་བུར་གྱུར་པའི་འབྲས་བུ་སྐྱེ་པའི་བསམ་གཏན། བདག་པོའི་འབྲས་བུར་གྱུར་པའི་འབྲས་བུ་སྐྱེ་བའི་བསམ་གཏན་གསུམ་དུ་ཡོད། དང་པོ་ནི། གཟུགས་ཁམས་པའི་རྒྱུད་ཀྱི་སྐྱེས་ཐོབ་ཀྱིས་ཐོབ་པའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ལྟ་བུའོ། གཉིས་པ་ནི། གཟུགས་ཁམས་པའི་རྣམ་སྨིན་གྱི་ཕུང་པོ་ལྟ་བུ། གསུམ་པ་ནི། གཟུགས་ཁམས་པའི་སྣོད་ཀྱི་གཞལ་མེད་ཁང་ལྟ་བུའོ། ། |
{{#arraymap:འབྲས་བུ་སྐྱེ་བའི་བསམ་གཏན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཚན་ཉིད་ནི། རྒྱུ་སྙོམས་འཇུག་གི་བསམ་གཏན་བསྒོམས་སྟོབས་ཀྱིས་གཟུགས་ཁམས་སུ་ཐོབ་པའི་འདུས་བྱས་ཀྱི་ཆོས་སོ། །ངོ་བོའི་སྒོ་ནས་དབྱེ་བ་ལ། རྒྱུ་མཐུན་གྱི། རྣམ་སྨིན་གྱི། བདག་པོའི་འབྲས་བུ་དང་གསུམ། དང་པོ་ནི། གཟུགས་ཁམས་སུ་སྐྱེ་བས་ཐོབ་པའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་རྣམས་སོ། །གཉིས་པ་ནི། གཟུགས་ཁམས་པའི་གང་ཟག་གི་རྒྱུད་ཀྱི་རྣམ་སྨིན་གྱི་འབྲས་བུས་བསྡུས་པའི་ཉེར་ལེན་གྱི་ཕུང་པོ་ལྔའོ། །གསུམ་པ་ནི་གཟུགས་ཁམས་ཀྱི་གཞལ་ཡས་ཁང་ལྟ་བུའོ། །གནས་ཀྱི་སྒོ་ནས་དབྱེ་ན་རྣམ་པ་བཅུ་བདུན་ཡོད་དེ། རྒྱུ་སྙོམས་འཇུག་གི་བསམ་གཏན་དང་པོ་ཆུང་ངུ་འབྲིང་ཆེན་པོ་གསུམ་བསྒོམས་པས་རིམ་པ་བཞིན་དུ་བསམ་གཏན་དང་པོའི་གནས་ཚངས་རིས་དང་ཚངས་པ་མདུན་ན་འདོན་དང་། ཚངས་ཆེན་གསུམ་གྱི་སྐྱེ་བ་འགྲུབ། གཉིས་པའི་རྒྱུ་སྙོམས་འཇུག་གི་བསམ་གཏན་ཆུང་ངུ་འབྲིང་ཆེན་པོ་གསུམ་བསྒོམས་པས་རིམ་པ་བཞིན་བསམ་གཏན་གཉིས་པའི་གནས། འོད་ཆུང་། ཚད་མེད་འོད། འོད་གསལ་གསུམ་གྱི་སྐྱེ་བ་འགྲུབ། བསམ་གཏན་གསུམ་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་བསྒོམས་པས་རིམ་བཞིན་དགེ་ཆུང་། ཚད་མེད་དགེ དགེ་རྒྱས་གསུམ་གྱི་སྐྱེ་བ་འགྲུབ། བཞི་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་བསྒོམས་པས་རིམ་པ་བཞིན་བསམ་གཏན་བཞི་པའི་སོ་སྐྱེའི་གནས་སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བའི་སྐྱེ་བ་གསུམ་འགྲུབ། བཞི་པ་སྤེལ་སྒོམ་ཆུང་ངུ་། འབྲིང་། ཆེན་པོ། ཤིན་ཏུ་ཆེན་པོ། ཤིན་ཏུ་ཆེས་ཆེན་པོ་ལྔ་སྒོམ་པས་རིམ་པ་བཞིན། འཕགས་པའི་གནས་མི་ཆེ་བ། མི་གདུང་བ། ཤིན་ཏུ་མཐོང་། གྱ་ནོམ་སྣང་། འོག་མིན་གྱི་སྐྱེ་བ་ལྔ་འགྲུབ་པའི་ཕྱིར་རོ། །འོ་ན་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ་གྱི་ཁྱད་པར་གང་ཞེ་ན། གུས་སྦྱོར་དང་། རྟགས་སྦྱོར་གཉིས་ཀ་དང་མི་ལྡན་པར་སྒོམ་པ་ནི་ཆུང་ངུ་། གང་རུང་གཅིག་དང་ལྡན་པར་སྒོམ་པ་ནི་འབྲིང་། གཉིས་ཀ་དང་ལྡན་པར་སྒོམ་པ་ནི་ཆེན་པོའོ། །སྤེལ་སྒོམ་ཆུང་ངུ་སོགས་ཀྱི་ཁྱད་པར་ནི་གསུམ་སྤེལ་ཆུང་ངུ་། དྲུག་སྤེལ་འབྲིང་། དགུ་སྤེལ་ཆེན་པོ། བཅུ་གཉིས་སྤེལ་ཤིན་ཏུ་ཆེན་པོ། བཅོ་ལྔ་སྤེལ་ཤིན་ཏུ་ཆེས་ཆེན་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྙོམས་འཇུག་རབ་གསལ་ལས་སོ། ། |
{{#arraymap:འབྲས་བུ་སྐྱེ་བའི་བསམ་གཏན་
|; |@@@ | | }}