68631

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་བུའི་ཆང་བག་མེད་པའི་གནས་ལ་ཉེས་དམིགས་སུམ་ཅུ་རྩ་དྲུག་ (1)
Part of speech མིང་ཚིག
Definition ལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། ༡ ཚེ་འདི་ལ་ནོར་ཟད་པ། ༢ ནད་ཀྱི་གཞིར་འགྱུར་བ། ༣ འཐབ་པ། ༤ མཚང་འདྲུ་བ། ༥ རྩོད་པ་འཕེལ་བ། ༦ གསང་བའི་གནས་སྟོན་པ། ༧ ཤེས་རབ་ཉམས་པར་བྱེད་པ། ༨ མ་ཐོབ་པའི་ལོངས་སྤྱོད་རྣམས་མི་ཐོབ་པ། ༩ ལོངས་སྤྱོད་ཐོབ་པ་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་བ། ༡༠ གསང་རྡོལ་བར་འགྱུར་བ། ༡༡ ལས་ཀྱི་མཐའ་རྣམས་ཡོངས་སུ་ཉམས་པ། ༡༢ མྱ་ངན་གྱི་རྩ་བར་འགྱུར་བ། ༡༣ ཉམ་ཆུང་བར་འགྱུར་བ། ༡༤ མར་མི་ཤེས་པར་འགྱུར་བ། ༡༥ ཕར་མི་ཤེས་པར་འགྱུར་བ། ༡༦ དགེ་སྦྱོང་དུ་མི་ཤེས་པར་འགྱུར་བ། ༡༧ བྲམ་ཟེར་མི་ཤེས་པར་འགྱུར་བ། ༡༨ རིགས་ཀྱི་གཙོ་བོ་ལ་རིམ་གྲོ་མེད་པར་འགྱུར་བ། ༡༩ སངས་རྒྱས་ལ་གུས་པར་མི་འགྱུར་བ། ༢༠ ཆོས་ལ་གུས་པར་མི་འགྱུར་བ། ༢༡ དགེ་འདུན་ལ་གུས་པར་མི་འགྱུར་བ། ༢༢ སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པར་འགྱུར་བ། ༢༣ དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྤངས་པ། ༢༤ ངོ་ཚ་མེད་པར་འགྱུར་བ། ༢༥ འཛེམ་པ་མེད་པར་འགྱུར་བ། ༢༦ དབང་པོའི་སྒོ་མ་བསྡམས་པར་འགྱུར་བ། ༢༧ བུད་མེད་རྣམས་ལ་ཤིན་ཏུ་བག་མེད་པར་འགྱུར་བ། ༢༨ སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བར་འགྱུར་བ། ༢༩ སྐྱེ་བ་མང་པོ་མི་མཐུན་པ། ༣༠ ཉེ་དུ་དང་སྣག་གི་གཉེན་མཚམས་བཙུན་པ་རྣམས་ཀྱིས་སྨད་པར་འགྱུར་བ། ༣༡ དམ་པའི་ཆོས་མ་ཡིན་པ་ཡོངས་སུ་འཛིན་པ། ༣༢ དམ་པའི་ཆོས་ཡོངས་སུ་སྤངས་པ། ༣༣ ཡིད་ཆེས་པར་བྱ་བའི་གནས་སུ་མཁས་པ་རྣམས་ཀྱིས་དེ་བཞག་པར་མི་བསམ་པ། ༣༤ བག་མེད་པས་གཡེལ་བ། ༣༥ དེ་ལ་མྱ་ངན་ལས་འདས་པ་རིང་བར་འགྱུར་བ། ༣༦ མྱོང་པར་འགྱུར་བ་དང་། མྱོས་པར་འགྱུར་བའི་ལས་བྱེད་ཅིང་གསོག་པ་དང་། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་བཅས་སོ། །
Domain ཆོས་ལུགས།