68633

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་བུའི་ཐེག་པ་ (1)
Part of speech མིང་ཚིག
Definition སྔགས། གཞལ་ཡས་ཁང་དང་ལྷ་དང་དེ་དག་གི་ལོངས་སྤྱོད་སོགས་འབྲས་བུའི་རྣམ་པ་ད་ལྟ་ནས་ལམ་དུ་བྱེད་པས་སྔགས་ལ་འབྲས་བུའི་ཐེག་པ་ཞེས་བྱའོ། །
Domain ཆོས་ལུགས།
འབྲས་བུའི་ཐེག་པ་ (2)
Part of speech མིང་ཚིག
Definition མ་ཧཱ་ཡོ་ག འབྲས་བུའི་ཐེག་པ་ནི། འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་ཀྱི་ཐེག་པ་སྟེ། འོད་གསལ་སྙིང་པོ་ལས། སྔགས་ལམ་དུ་དང་པོར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་དུས་ནས་ཀྱང་འཁོར་འདས་དབྱེར་མེད་དག་པ་ཆེན་པོར་ལྟ་བས་ན་ལྟ་བ་མ་རྨོངས་པ་ཡིན་ནོ། །དེའི་ཕྱིར་ཀུན་འབྱུང་ལམ་བདེན་དང་སྡུག་བསྔལ་འགོག་བདེན་གྱི་ངོ་བོར་ཤར་བས་ཉོན་མོངས་པ་ཡེ་ཤེས་དང་། སྡུག་བསྔལ་བདེ་བ་ཆེན་པོར་གྲོལ་བས་ན་རྒྱུ་འབྲས་དབྱེར་མེད་དུ་ལྟ་བས་འབྲས་བུའི་ཐེག་པ་དང་། རྡོ་རྗེའི་ཐེག་པ་ཞེས་བྱ་སྟེ། དེའི་དབང་གིས་ཕུང་ཁམས་སྐྱེ་མཆེད་ལའང་རྡོ་རྗེའི་མིང་གིས་བསྟན་ཏོ། །ཞེས་དང་། མཚན་གྱི་རྣམ་གྲངས་ལ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་དཔའ་སྔགས་ཀྱི་ཐེག་པ་ལ། །འབྲས་བུ་འམ་ནི་རྡོ་རྗེའི་ཐེག་པ་དང་། །ཐབས་ཀྱི་ཐེག་པ་རིག་པ་འཛིན་པ་ཡི། །སྡེ་སྣོད་ཅེས་གྲགས་རྒྱུད་ལས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། འབྲས་བུའི་ཐེག་པ་དང་། རྡོ་རྗེའི་ཐེག་པ། ཐབས་ཀྱི་ཐེག་པ། རིག་པ་འཛིན་པའི་སྡེ་སྣོད་བཅས་སུའང་གྲགས་སོ། །