From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འབྲས་བུའི་བོན་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། བསྐྱབ་བྱ་ཡུན་གྱི་སྡུག་བསྔལ་ནི། སྐྱེ་བ་དང་། ན་བ་དང་། རྒ་བ་དང་། འཆི་བའི་སྡུག་བསྔལ་གྱི་མཚམས་མི་བྱེད་པར་སྤྱོད་ཅིང་དེས་གཟིར་བ་ཡིན་ལ་དེ་ལས་ཉེ་བར་སྐྱོབ་པར་བྱེད་པ་ནི་འབྲས་བུའི་བོན་དང་། བོན་ཐེག་པ་རིམ་དགུའི་ནང་ཚན་དགེ་བསྙེན་ཐེག་པའི་གཞུང་དང་། དྲང་སྲོང་ཐེག་པའི་གཞུང་། ཨ་དཀར་ཐེག་པའི་གཞུང་། ཡེ་གཤེན་ཐེག་པའི་གཞུང་རྣམས་འབྲས་བུའི་བོན་གྱི་ཁོངས་སུ་འདུས་པ། གལ་མདོ་དྲི་མེད་གསལ་སྒྲོན་ལས། དགེ་བསྙེན་ཨ་ཡེ་འབྲས་བུར་འཇོག་པའི་རྒྱུ་མཚན་ཞེས་གསུངས་པ་དང་། མཁས་པ་དཔལ་ཆེན་གྱིས་མཛད་པའི་ཁམས་འགྲེལ་ལས། ཡུན་གྱི་དུ་ཁ་ལས་ཉེ་བར་སྐྱོབ་པར་བྱེད་པ་འབྲས་བུའི་བོན། ཞེས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
འབྲས་བུའི་བོན་ (2)
| Part of speech
|
མིང་ཚིག
|
| Definition
|
བོད་རྒྱལ་པུ་དེ་གུང་རྒྱལ་སྐབས་དར་བའི་བོན་གྱི་བྱེ་བྲག་ཚེ་ཕྱི་མར་བསོད་ནམས་འབྱུང་བར་སྨོན་ལམ་འདེབས་པའི་ཆོས་ལུགས་འཛིན་མཁན་ཞིག་ཡིན་པར་སངས་རྒྱས་ཆོས་ལུགས་པ་དག་གིས་བཤད།
|