68646

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་བུའི་ཡན་ལག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་སྤྱོད་པའི་འདྲེན་སྒོ་འབྱེད་པར་བྱེད་པའི་ཡན་ལག་དྲུག་གི་ཡ་གྱལ་ཞིག་སྟེ། ལམ་མཐར་ཕྱིན་པས་ཐོབ་པ་དམ་པའི་དོན་བསྟན་པའི་ཕྱིར་འབྲས་བུའི་ཡན་ལག་ཅེས་བྱ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལ་ངེས་པར་གཏན་ལ་ཕེབས་པས་འབྲས་བུའི་ཡན་ལག་ནི། གང་ཡང་དག་པར་གྲུབ་པའི་མཐའ་རྒྱུ་རྐྱེན་དང་རིམ་པར་འབྲེལ་བས་ཐོས་བསམ་བསྒོམ་གསུམ་དང་ཚོགས་གཉིས་རྫོགས་པར་བསླབ་པས་ས་བཅུ་མཐར་ཕྱིན་པར་བགྲོད་དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བདུད་བཏུལ་ནས་མཐར་འབྲས་སྦྱོར་བའི་དགོས་ཆེད་དམ་པར་འབྱུང་བས། བྱ་བ་ཡོངས་སུ་རྫོགས་པ་སྟེ། ཐོབ་པ་དམ་པ་ཆོས་ཀྱི་སྐུའི་དེ་ཁོ་ན་ཉིད་མངོན་དུ་བྱས་ཏེ་ཀུན་ཏུ་འོད་ཀྱི་ས་ལ་བྱང་ཆུབ་ནས་འབྲས་བུའི་གོ་འཕང་དམ་པ་བརྙེས་པ་ཉིད་དོ། །ཞེས་གསུངས།
Domain ཆོས་ལུགས།