68647
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་ཆེན་པོའི་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་དུ་སྒྲུབ་པའི་ཡན་ལག་བཅོ་བརྒྱད་ཀྱི་ནང་གསེས་རྗེས་བྱ་འབྲས་བུ་སྒྲུབ་པའི་ཡན་ལག་གི་ལས་རིམ་སྟེ། མདོ་དྲི་མེད་གཟི་བརྗིད་ཀྱི་ཨ་དཀར་ཐེག་པའི་མདོ་ལས། དངོས་གྲུབ་ཡང་སྙིང་བཅུད་དུ་སྒྲུབ། དུས་གསུམ་འབྲལ་མེད་དམ་བཅར་སྒྲུབ། བདུད་རྩི་ཟད་མེད་གཏེར་དུ་སྒྲུབ། དམར་ལམ་སྦྱོར་སྒྲོལ་རོལ་པར་སྒྲུབ། གཟིར་མནན་དྲག་པོ་སྟོབས་སུ་སྒྲུབ། དབྱེ་བསྡུ་ཡེ་ཤེས་དོན་དུ་སྒྲུབ། མཐར་ཕྱིན་འབྲས་བུའི་ཡན་ལག་གོ ། ཞེས་གསུངས་པ་ལྟར། དེ་དག་སྤྱི་སྤུངས་ཁྲོ་བོ་དབང་ཆེན་གྱི་སྒྲུབ་ཐབས་ཕྲིན་ལས་ཀྱི་ཡན་ལག་གི་ལས་རིམ་རྣམས་ལས། སྨད་ཕྱོགས་རྗེས་བྱའི་སྐོར་གྱི་ལས་རིམ་ཡིན་པས་འབྲས་སྒྲུབ་ཅེས་བྱ་བར་བཤད་དོ། ། |
| Domain | ཆོས་ལུགས། |