68689

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་ཡུལ་སྐྱེད་ཚལ་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར། གཙང་རོང་འབྲས་ཡུལ་སྐྱེད་ཚལ་ནི། བྱམས་ཆེན་རབ་འབྱམས་པས་ས་མོ་སྦྲུལ། ཕྱི་ལོ་ ༡༤༤༩ ལོ་སྟེ། ཀུན་མཁྱེན་རྫོང་དཀར་བ་བྱམས་ཆེན་རབ་འབྱམས་སངས་རྒྱས་འཕེལ་དགུང་ལོ་སོ་དགུ་པར་ཕྱབ་བཏབ་བོ། རྗེ་དེ་ཉིད་ཀྱིས་ཁ་རེག་བོད་འབྲུག་ཏུ་བསྟན་པའི་གཞི་བཙུགས། འཆད་ཉན་འབྲུག་ལྟར་མཐོ་བས། རོང་སྟོན་ཆེན་པོའི་ཞལ་གྱི་བདུད་རྩི་ལས། འབྲུག་གསུམ་འཛོམས་པས་གངས་ཅན་འདིར་སྙན་གྲགས་ཀྱིས་ཁྱབ་པར་འགྱུར་ཞེས་ལུང་བསྟན། འདུས་ཚོགས་བརྒྱ་ཕྲག་གཉིས་དང་བཅས་པ་ས་ཡི་བདག་པོ་རིན་སྤུངས་ནོར་བུ་བཟང་པོས་མཐུན་རྐྱེན་སྦྱར་ཏེ་འབྲས་ཡུལ་སྐྱེད་ཚལ་དུ་འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་བྱས་མཚན་ཉིད་ཀྱི་གྲྭ་ས་ཆེན་པོར་གྱུར་ཅིང་། ཆོས་གྲྭ་འདི་ནས་ཀུན་མཁྱེན་གོ་རམས་པ་ལ་སོགས་པའི་མཁས་གྲུབ་རྣམས་གསན་བསམ་གཙོ་བོ་མཛད་ས་ཞིག་ཡིན། དེ་ལས་མཚན་ཉིད་པའི་གྲྭ་སའང་མང་དུ་འཕེལ། ཆོས་གྲྭ་ཆེན་པོ་འདིར་རིས་སུ་མ་མཆིས་པའི་སྐྱེ་བོ་འདུ་བ་ནི། བོད་བརྒྱུད་ནང་བསྟན་ཙམ་མིན་པར། བོན་པོའི་སློབ་གཉེར་བ་ཡང་ཆོས་གྲྭ་འདིར་སློབ་གཉེར་ལ་བྱོན་སྲོལ་ཡོད་པ་ནི། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་འབྲས་ཡུལ་སྐྱེད་ཚལ་དུ་ཕེབས་སྐབས། དགོན་དེར་སྨན་རི་བ་སོགས་ཡིན་པའི་བོན་པའི་མཚན་ཉིད་པ་རྣམས་དེར་སློབ་གཉེར་ལ་འོང་སྲོལ་འདུག་པར། མི་ཉག་ནས་བོན་པོ་རབ་འབྱམས་བཟང་བ་ཞིག་འདུག་པར་གནས་གཡར་བྱས། ཞེས་གསལ། ཕྱིས་སུ་ཆོས་གྲྭ་འདི་ཉིད་གདན་ས་པ་རིན་པོ་ཆེ་རིན་ཆེན་བཀྲ་ཤིས་པ་དང་། མདོ་སྔགས་བསྟན་པའི་མངའ་བདག་འབུམ་རམ་འབྱམས་པ་ཐར་པ་རྒྱལ་མཚན། གོ་རམ་པ་བསོད་ནམས་སེང་གེ འཇམ་དབྱངས་ཀུན་དགའ་ཆོས་བཟང་དང༌། དེའི་ཐུགས་སྲས་ནོར་བུ་ཕུན་ཚོགས་སོགས་ཀྱིས་བསྐྱངས།