68694

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་རྟགས་ཀྱི་གོ་བྱ་གོ་བྱེད་གཉིས་ཀ་ལ་རྩོད་པ་ (1)
Part of speech མིང་ཚིག
Definition དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། རྒྱུ་འབྲས་ཀྱི་རིགས་ལ་རྒྱུ་གྲུབ་དུས་ན་འབྲས་བུ་མ་སྐྱེས་འབྲས་བུ་སྐྱེས་དུས་ན་རྒྱུ་དེ་འགག་ནས་མེད་པར་འགྱུར་བས། འབྲས་བུ་དུ་བ་དེ་དང་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་རང་རྒྱུ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་མེ་གཉིས་བསྐྱེད་བྱ་སྐྱེད་བྱེད་ཡིན་ཀྱང་གོ་བྱ་གོ་བྱེད་དུ་མི་འཐད་དེ། དུ་བ་ཡོད་ན་མེ་མེད་པས་ཁྱབ་པའི་ཕྱིར་ཏེ། མེའི་རང་དུས་ན་འབྲས་བུ་དུ་བ་མ་སྐྱེས། འབྲས་བུ་དུ་བ་སྐྱེས་དུས་སུ་མེ་འགག་ཟིན་ནས་མེད་པའི་དུས་མི་མཉམ་པ་ཡིན་པའི་ཕྱིར། དེས་ན་རྒྱུ་འབྲས་ཀྱི་རིགས་ལ་རྟགས་ཡང་དག་གི་རྣམ་བཞག་མི་འཐད་ཅེས་ཁ་ཅིག་གིས་བརྗོད་པ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། དུ་བ་ཡོད་ན། མེ་ཡོད་པར་འགལ་བའི་ཕྱིར། མེ་གྲུབ་དུས་དུ་བ་མ་སྐྱེས། དུ་བ་སྐྱེས་དུས་མེ་འགག་པའི་ཕྱིར། དེས་ན་རྒྱུ་འབྲས་ལ་སྐྱེད་བྱ་སྐྱེད་བྱེད་ཡོད་ཀྱང་གོ་བྱ་གོ་བྱེད་དུ་འདོད་པའི་ཚིག་གི་ཚུལ་འདི་མི་རིགས་སོ། །ཞེས་ཟེར། ཞེས་གསུངས་པའི་ཕྱིར།
Domain ཚད་མ།