68697
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་ལས་སྐྱེས་པའི་དེ་ཡོད་པ་ཙམ་གྱི་དེ་སྒྲུབ་ཀྱི་འབྲས་རྟགས་སུ་འགྱུར་ན། དུ་བ་དེ་དུ་ལྡན་ལ་ལ་རྩྭའི་མེ་དང་སོག་མའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་འགྱུར་ཏེ། རྩྭའི་མེ་དང་སོག་མའི་མེ་ལས་དུ་བ་སྐྱེས་པ་ཡོད་པའི་ཕྱིར། ཞེས་རྩ་དང་སོག་མའི་མེ་སོགས་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་རྩྭ་ཡི་མེ་དང་སོག་མའི་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་གི་གོ་བྱ་སྟེ་བསྒྲུབ་བྱའི་ཆོས་སུ་འགྱུར་རོ་ཞེས་རྩོད་པ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། གཞན་ཡང། དུ་བ་དེ་དུ་ལྡན་ལ་ལ་རྩྭའི་མེ་དང་སོག་མའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། རྩྭའི་མེ་དང་སོགས་མའི་མེ་ལས་དུ་བ་སྐྱེས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |