68698
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུ་བ་དུ་ལྡན་ལ་ལ་རྩྭའི་མེ་དང་སོག་མའི་མེ་སོགས་དཔོག་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། དུ་བ་དེ་དག་གི་འབྲས་བུ་མ་ཡིན་པའི་ཕྱིར་ཏེ། དེ་རྣམས་ཕན་འདོགས་བྱེད་དུ་མེད་པར་དུ་བ་མི་འབྱུང་བ་མ་ཡིན་པའི་ཕྱིར། དེས་ན་དེ་དག་ལས་དུ་བ་སྐྱེས་ཀྱང་དུ་བ་དེ་དག་ལས་མ་སྐྱེས་པའི་ཕྱིར། དེས་ན་དེ་དག་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་སམ་གོ་བྱ་མ་ཡིན་ནོ། །ཞེས་གསུངས་པ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། དེ་བཞིན་དུ་རྩོད་པ་གཉིས་པའི་ལན་ནི། རྩྭའི་མེ་དང་སོག་མའི་མེ་ལ་སོགས་པ་དུ་བའི་རྒྱུ་མ་ཡིན་པར་ཐལ། དེ་རྣམས་ཕན་འདོགས་བྱེད་དུ་མེད་པར་དུ་བ་འབྱུང་བའི་ཕྱིར་ཏེ། རང་འགྲེལ་ལས། མིན་ཏེ། དེ་མེད་པར་འབྱུང་བ་ནི། དེ་ལས་སྐྱེ་བའི་ངེས་པ་མེད་པའི་ཕྱིར། ཞེས་གསུངས། ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |