68699

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་རྟགས་ཀྱི་ངོ་བོ་ལ་རྩོད་སྤངས་ (1)
Part of speech མིང་ཚིག
Definition སྐྱ་རྫས་དེ་ཡང་མེ་ལས་སྐྱེས་པའི་ཕྱིར་ཞེས་པའི་སྐྱ་རྫས་དེ་དུ་བའི་སྐྱ་རྫས་ལ་བྱེད་ན། དུ་བའི་སྐྱ་རྫས་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། ཞེས་ཟེར་བ་ཡིན་ན་དེ་ལ་འདོད་ལན་དོན་མཐུན་ཐེབས་པའི་ཕྱིར་གནོད་བྱེད་ཡང་དག་ཏུ་མི་འགྱུར་ལ། སྐྱ་རྫས་ཙམ་ལ་བྱེད་ན་སྐྱ་རྫས་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། ཞེས་ཟེར་བ་ཡིན་ན་སྐྱར་རྫས་ཡོད་ན་མེ་ཡོད་པའི་ཁྱབ་པ་འཁྲུལ་བའི་ཕྱིར་རྟགས་ཡང་དག་ཏུ་ཁས་མི་ལེན་ནོ། །ཞེས་པ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། དེའི་ལན་ནི། ཐལ་འགྱུར་དང་པོ་དེའི་དོན། དུ་བའི་སྐྱར་རྫས་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་མེ་ལས་སྐྱེས་པའི་ཕྱིར་ཞེས་པའི་དོན་ཡིན་ནམ། སྐྱར་རྫས་ཙམ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་མེ་ལས་སྐྱེས་པའི་ཕྱིར་ཞེས་པའི་དོན་གང་ཡིན། དང་པོ་ལྟར་ན། དེ་འདྲའི་ཐལ་འགྱུར་དེ་དཔལ་ལྡན་ཆོས་གྲགས་ལ་གནོད་བྱེད་ཀྱི་ཐལ་འགྱུར་རྣམ་དག་མ་ཡིན་པར་ཐལ། དེ་འདྲའི་ཐལ་འགྱུར་ལ་དཔལ་ལྡན་ཆོས་གྲགས་ཀྱིས་འདོད་ལན་དོན་མཐུན་ཐེབས་པའི་ཕྱིར། དེ་ལྟར་ཡང་རང་འགྲེལ་ལས། རྟགས་ཀྱིས་བྱེ་བྲག་གི་ཁྱད་པར་གྱི་སྤྱི་རྣམས་གཟུང་ན་ནི་ཡིན་པར་འདོད་དོ་ཞེས་གསུངས། གཉིས་པ་ལྟར་ན། སྐྱར་རྫས་ཆོས་ཅན། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་བའི་ཕྱིར། རང་འགྲེལ་ལས། སྤྱི་ཁྱད་པར་དུ་མ་བྱས་པ་བརྗོད་པར་འདོད་ན་ནི། འཁྲུལ་བའི་ཕྱིར་མི་འདོད་དོ། །ཞེས་གསུངས། སྐྱར་རྫས་དེ་མེའི་འབྲས་བུ་མ་ཡིན་ཏེ། མེ་ཕན་འདོགས་བྱེད་དུ་མེད་པར་སྐྱར་རྫས་འབྱུང་བའི་ཕྱིར། ཞེས་གསུངས་པའི་ཕྱིར།
Domain ཚད་མ།