68701
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡མདོ། ཚད་མ། སྒྲུབ་རྟགས་ཀྱི་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་ཡི་དབྱེ་བའི་ནང་གསེས། འབྲས་བུ་གང་ཡང་རུང་བ་ཞིག་གིས་རྟགས་ལས་རང་གི་རྒྱུ་གང་ཞིག་རྟོགས་པའི་ཐབས་སུ་བཀོལ་པའི་ཚེ་དེ་འདྲའི་རྟགས་དེ་རང་གི་རྒྱུ་དེ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བར་ངེས་བྱེད་ཀྱི་ཚད་མ། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ཤོ་ལོ་ཀ་དང་པོ་གཉིས་ཀྱིས་མེ་དུའི་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་རྒྱས་པར་བཤད་པ་དང་། གལ་ཏེ། ཞེས་སོགས་ཀྱིས་དེ་ཉིད་ཀྱི་དོན་བསྡུ་འཆད་པའི་ཕྱིར། དང་པོ་རྒྱས་པར་བཤད་པ་གྲུབ་སྟེ། དུ་བ་ཆོས་ཅན། མེ་ཡི་འབྲས་བུ་ཡིན་ཏེ། མེ་ཕན་འདོགས་བྱེད་དུ་ཡོད་མེད་ཀྱིས་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། རྣམ་འགྲེལ་རྩ་བ་ལས། མེ་ཡི་འབྲས་བུ་དུ་བ་སྟེ། །འབྲས་བུའི་ཆོས་ཀྱི་རྗེས་འཇུག་ཕྱིར། །དེ་མེད་པ་ནི་དེ་ཡོད་ན། །རྒྱུ་དང་ལྡན་པ་ལས་འདས་འགྱུར། །ཞེས་སོགས་ཚད་མ་ཕྲུགས་གསུམ་གསུངས་སོ། ། |