68702
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་ལས་སྐྱེས་པ་ཙམ་གྱིས་དེ་སྒྲུབ་ཀྱི་འབྲས་རྟགས་སུ་འགྱུར་ན། ལའི་དུ་བ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཏུ་འགྱུར་ཏེ། དེ་ལའི་མེ་ལས་སྐྱེས་པའི་ཕྱིར། འདོད་མི་ནུས་ཏེ། ཚང་མང་ལ་སོགས་མཐུན་དཔེ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་མི་བྱེད་པའི་ཕྱིར། ཞེས་ལའི་དུ་བ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་སམ་གོ་བྱེད་དུ་འགྱུར་ཞེས་རྩོད་པ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། གཞན་ཡང་། ལའི་དུ་བ་ཡང། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་ལའི་མེ་ལས་སྐྱེས་པའི་ཕྱིར། འདོད་མི་ནུས་ཏེ། ཚང་མང་ལ་སོགས་པའི་མཐུན་དཔེ་ལ་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། |
| Domain | ཆོས་ལུགས། |