68703

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་རྟགས་ཀྱིས་གོ་བྱེད་ལ་རྩོད་ལན་ (1)
Part of speech མིང་ཚིག
Definition ལའི་དུ་བ་དེ་དུ་བའི་རྟགས་ཀྱི་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་ཏེ། གལ་ཏེ་ཡིན་ན། ལའི་མེ་ཡང་དེ་སྒྲུབ་ཀྱིས་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྱུར་ལ། དེས་ན་སྐབས་བབ་ཀྱི་ཕྱི་རྒོལ་དེའི་རྗེས་ཁྱབ་གྲུབ་པ་ན་དུ་ཡོད་ལ་མེ་ཡོད་ཀྱི་ཁྱབ་པར་མ་ངེས་པ་མི་སྲིད་ལ། དེའི་ཚེ་ལའི་དུ་ཡོད་ལ་མེ་ཡོད་ཀྱི་ཁྱབ་པ་ངེས་པར་འགྱུར་བས། བསྒྲུབ་བྱ་ཡང་གྲུབ་པའི་ཕྱིར། རྗེས་ཁྱབ་གྲུབ་ན་བསྒྲུབ་བྱ་གྲུབ་པའི་ཐལ་བ་དང་། ཡང་ལའི་དུ་བ་དེ་དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་ན། ཁྱོད་ལ་རྟགས་ཡང་དག་དང་འགལ་རྟགས་ཀྱི་གཞི་མཐུན་ཞིག་ཡོད་པར་འགྱུར་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པ་ཁྱོད་ཀྱི་ཁས་བླངས་པ་གང་ཞིག དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མཐུན་དཔེ་ཚང་མང་གི་སྟེང་དུ་རྟགས་དུ་བ་དེ་ཡོད་ན་ལའི་མེ་མེད་པའི་ཁྱབ་པར་ངེས་པའི་ཕྱིར། ལའི་དུ་བ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པ་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། རྟགས་དེ་སྒྲུབ་ཀྱིམཐུན་ཕྱོགས་ལ་ཡོད་པར་ཚད་མས་ངེས་ན་བསྒྲུབ་བྱ་རྟོགས་པར་འགྱུར་ལ། མཐུན་ཕྱོགས་ལ་ཡོད་པར་མ་ངེས་ཀྱང་རྟགས་ཡང་དག་ཏུ་སོང་བ་ཡོད་ན། དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་དགོས་པར་ཐལ། ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་མ་ངེས་ན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པས་མ་ཁྱབ་པའི་ཕྱིར། ཞེས་གསུངས་པ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། ཁོ་ན་རེ། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་བཀོད་པའི་ཚེ་དུ་ལྡན་ལའི་དུ་བ་དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་ཟེར་ན། དུ་ལྡན་ལའི་མེ་དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་དེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། དུ་ལྡན་ལའི་དུ་བ་དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན་དུ་ལྡན་ལའི་མེ་ཆོས་ཅན། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྗེས་ཁྱབ་ཚད་མས་གྲུབ་པའི་གང་ཟག་ཡིན་ན། ཁྱོད་ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པར་ཐལ། ཁྱོད་དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། འདོད་ན། དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་ཚད་མས་གྲུབ་པའི་གང་ཟག་ཡིན་ན། དུ་བའི་རྟགས་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། དེ་ནི་རྗེས་ཁྱབ་ངེས་པ་ན་བསྒྲུབ་བྱ་གྲུབ་པར་ཐལ་བ་དང་། ཞེས་པའི་དོན་ནོ། །གཉིས་པ། ཡང་དག་འགལ་རྟགས་སུ་ཐལ་བ་ནི། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འགལ་རྟགས་སུ་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་ཚང་མང་དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་ཡིན་པ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན། མཐུན་དཔེ་ཚང་མང་ལ་རྗེས་འགྲོ་མི་བྱེད་པས་ཁྱབ་པའི་ཕྱིར། རྟགས་ཕྱི་མ་སོང་། དེར་ཐལ། དུ་ལྡན་ལའི་མེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཞིག དུ་ལྡན་ལའི་དུ་བ་དང་དུ་ལྡན་ལའི་མེ་མཐུན་དཔེ་ཚང་མང་ལ་རྗེས་འགྲོ་མི་བྱེད་པའི་ཕྱིར། རྟགས་དང་པོ་ཁས། གསུམ་པ། ཐུན་མོང་མ་ཡིན་པ་ཡང་དག་དུ་ཐལ་བ་ནི། དུ་ལྡན་ལའི་དུ་བ་ཆོས་ཅན། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་མ་གྲུབ་པའི་ཕྱིར། མ་གྲུབ་ན། དེ་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ཆོས་ཅན། ཁྱོད་ཀྱིས་དུ་ལྡན་ལའི་དུ་བ་མེ་ཡོད་དུ་ཚད་མས་ངེས་པར་ཐལ། ཁྱོད་ཀྱིས་དུ་ལྡན་ལའི་དུ་བ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་གྲུབ་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་ཚད་མས་གྲུབ་པར་ཐལ། འདོད་པའི་ཕྱིར། རྩ་བར་མ་ཁྱབ་ན། དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་དགོས་པར་ཐལ། ཁྱོད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་མ་ངེས་ན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པས་མ་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
Domain ཚད་མ།

{{#arraymap:འབྲས་རྟགས་ཀྱིས་གོ་བྱེད་ལ་རྩོད་ལན་

|; |@@@ | | }}