68704

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་རྟགས་ཀྱིས་ངོ་བོར་ལ་རྩོད་པ་ (1)
Part of speech མིང་ཚིག
Definition དུ་བ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་རྒྱུ་མཚན། དེ་མེ་ལས་སྐྱེ་བའི་རྒྱུ་མཚན་གྱིས་ཡིན་ན། སྐྱར་རྫས་དེ་ཡང་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་མེ་ལས་སྐྱེས་པའི་ཕྱིར། ཞེས་པ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། ཁོ་ན་རེ། དུ་བ་མེ་ལས་སྐྱེས་པའི་རྒྱུ་མཚན་གྱིས་དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་ན། སྐྱར་རྫས་དེ་ཡང་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་མེ་ལས་སྐྱེས་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
Domain ཚད་མ།