68705

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འབྲས་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition རྟགས་ཡང་དག་ལ་གྲངས་ངེས་ཀྱི་སྒོ་ནས་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། འབྲས་བུའི་རྟགས་ཡང་དག་གི་མཚན་ཉིད། ཚུལ་གསུམ་ཚང་བའི་གཏན་ཚིགས་གང་ཞིག ། རང་ལས་རྫས་ཐ་དད་དུ་གྱུར་པའི་བསྒྲུབ་བྱའི་ཆོས་དང་དེ་བྱུང་དུ་འབྲེལ་བ། ཞེས་དང་། འབྲས་རྟགས་ལ་དབྱེ་ན། རྒྱུ་ཆོས་སྒྲུབ། རྒྱུ་དངོས་སྒྲུབ། རྒྱུ་སྔོན་སོང་སྒྲུབ། རྒྱུའི་ཁྱད་པར་སྒྲུབ། རྒྱུའི་སྤྱི་སྒྲུབ་པའི་འབྲས་རྟགས་དང་ལྔ། ཞེས་གསུངས།
Domain ཚད་མ།
འབྲས་རྟགས་ཡང་དག་ (2)
Part of speech མིང་ཚིག
Definition འབྲས་བུ་ཞིག་རྒྱུ་མཚན་ཡང་དག་ཏུ་བཀོད་པ་ཙམ་ལ་འབྲས་རྟགས་ཡང་དག་ཟེར་བ་ཡིན་ཏེ། དགའ་བྱང་ཡིག་ཆ་ཡོངས་འཛིན་རྟགས་རིགས་ལས། འབྲས་བུའི་ཚུལ་གསུམ་ཡིན་པ། འབྲས་རྟགས་ཡང་དག་གི་མཚན་ཉིད། དེ་དང་འདུས་བྱས་གཉིས་དོན་གཅིག ཞེས་གསུངས་པའི་ཕྱིར།
འབྲས་རྟགས་ཡང་དག་ (3)
Part of speech མིང་ཚིག
Definition དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་བུའི་ཚུལ་གསུམ་ཡང་ཡིན། མེའི་འབྲས་བུ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི་མཚན་ཉིད་ཡིན། དབྱེ་ན། རྒྱུ་དངོས་སྒྲུབ་སོགས་ལྔ་ཡོད།
འབྲས་རྟགས་ཡང་དག་ (4)
Part of speech མིང་ཚིག
Definition འབྲས་བུའི་ཚུལ་གསུམ་ཡིན་པ། གོ་དོན་རྒྱས་པ་དང་དབྱེ་བ་སོགས་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ལ་གཟིགས།