68708
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མི་ཕམ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་ལྟ་བུ་རྒྱུ་དངོས་སུ་སྒྲུབ་པའི་འབྲས་རྟགས་ཀྱི་སྦྱོར་བ། དེ་བཞིན་དུ་བར་སྣང་གི་དུ་བ་སྔོ་ལོང་པོ་ཆོས་ཅན། རང་རྒྱུ་མེ་སྔ་མ་སོང་བ་ཡིན་ཏེ། དུ་བ་ཡིན་པའི་ཕྱིར་ཞེས་པ་རྒྱུ་སྔོན་སོང་སྒྲུབ་པའི་འབྲས་རྟགས་ཀྱི་སྦྱོར་བ། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རང་རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་བའི་དངོས་པོ་ཡིན་པའི་ཕྱིར་ཞེས་པ། རྒྱུ་སྤྱིར་སྒྲུབ་པའི་འབྲས་རྟགས་ཀྱི་སྦྱོར་བ། སྔོར་སྣང་དབང་ཤེས་ཆོས་ཅན། རང་གི་དམིགས་རྐྱེན་དང་བཅས་པ་ཡིན་ཏེ། དབང་ཤེས་ཡིན་པའི་ཕྱིར་ཞེས་པ་རྒྱུ་ཁྱད་པར་སྒྲུབ་པའི་འབྲས་རྟགས་ཀྱི་སྦྱོར་བ། ཁ་ནང་གི་བུར་གོང་ཆོས་ཅན། གཟུགས་ཡོད་དེ། རོ་ཡོད་པའི་ཕྱིར། ཞེས་པ་ལྟ་བུ་རྒྱུ་རྗེས་དཔག་གི་འབྲས་རྟགས་ཀྱི་སྦྱོར་བ་ཡིན་ཏེ། དོན་དུ་བུར་རོ་ད་ལྟ་བ་ལས་སྔ་མ་དང་ད་ལྟའི་རོ་གཉིས་ཚོགས་པ་གཅིག་པར་རྒྱུ་སྔ་མས་བསྐྱེད་པ་དཔོག་པ་ཡིན་པའི་ཕྱིར་རོ། ། |
| Domain | ཚད་མ། |